6365
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་རྐང་གཅིག་ཐུང་ལ་ཁ་སྤུ་ཅན། སྡོང་པོ་དམར་ལྗང་མཉེན་ལ་སྙི་བ་མང་པོ་ས་ངོས་སུ་བགྲད་དེ་སྐྱེ་བ། ལོ་མ་མཐུག་ལ་ཧྲིལ་བ་ནས་འབྲུའི་དབྱིབས་ཅན་རྒས་ནས་སེར་དམར་ཆགས་པ། འཕུར་ན་ཆུ་བུར་གྱི་རང་བཞིན་ཅན། འབྲི་གཡག་གི་ཁའི་ནང་གི་ཤ་འབྲུམ་ཚེར་ཡོད་པ་དེ་འདྲ་བ་རྩེ་རྣོ་བ་རེ་མོས་སུ་སྐྱེ་བ། བོད་ཟླ་བདུན་པའི་ནང་སྡོང་པོའི་རྩེར་མེ་ཏོག་སེར་སྐྱ་འདབ་མ་ལྔ་པ་དབྱིབས་སྐར་མ་ཟུར་ལྔ་འདྲ་བ། འདབ་མའི་ནང་ངོས་དཀར་ལ་གེ་སར་སེར་པོ་དང་གོས་དམར་སྨུག་ཅན་འཆར་ཞིང་། སྟོན་དུས་ཁ་གདངས་པའི་འབྲས་ཞིབ་འདོགས་པ་སྟེ། བོད་ཀྱི་ས་ཆ་མང་པོའི་གཡའ་རི་དང་གངས་རིའི་མཚམས་ཀྱི་སྤང་། བྱེ་ཁྲེབ་སོགས་སྲིབ་ཤས་ཆེ་སར་སྐྱེ་བ། བོད་ཟླ་དྲུག་པ་དང་བདུན་པའི་ནང་ལོ་སྡོང་མེ་འབྲས་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་བསྐ་བ། ཞུ་རྗེས་ཁ་བ། ནུས་པ་བསིལ་བས་པགས་ནད་དང་། འཛེར་པ་སེལ་ཞིང་། གཉན་ནད་ལའང་ཕན་པ་ཡིན། |