6372
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩི་བྱའི་ཡུལ་དུ་གྱུར་པ་དག་ལུས་རྟེན་གྱི་ཆ་ནས་ཕོ་མོ་གང་ཡིན་དང་། འཚོ་ཐབས་ཀྱི་ཆ་ནས་སྐྱ་སེར་གང་ཡིན། ན་ཚོད་ཀྱི་ཆ་ནས་རྒན་དར་གཞོན་གསུམ་གང་ཡིན་སོགས་ལ་བལྟས་ཏེ་བྱེ་བྲག་སོ་སོར་ཁྱད་པར་དུ་རྩུབ་པའི་སྨེ་བ་ལ་ཟེར་བ་ཡིན། དེ་ཡང་གཅིག་དཀར་བྱིས་པའི་གཉན་པའི་གཉིས་ནག་དང་། གཉིས་ནག་སྐྱེས་དར་གྱི་གཉན་པའི་གཉིས་ནག གསུམ་མཐིང་ཤར་པོའི་གཉན་པའི་གཉིས་ནག བཞི་ལྗང་ཡུགས་སའི་གཉན་པའི་གཉིས་ནག ལྔ་སེར་བན་གྱི་གཉན་པའི་གཉིས་ནག དྲུག་དཀར་བོན་གྱི་གཉན་པའི་གཉིས་ནག བདུན་དམར་བུད་མེད་ཀྱི་གཉན་པའི་གཉིས་ནག བརྒྱད་དཀར་ཞང་བློན་གྱི་གཉན་པོའི་གཉིས་ནག དགུ་དམར་བཙད་པོའི་གཉན་པའི་གཉིས་ནག་བཅས་ཡིན། དེ་མིན་དཔག་བསམ་ལྗོན་ཤིང་གཅིག་དཀར་བུ་ཆུང་གི་གཉན་པའི་གཉིས་ནག་དང་། གསུམ་མཐིང་བྱིས་པའི་གཉན་པོའི་གཉིས་ནག དགུ་དམར་རྒན་རྒོན་གྱི་གཉན་པའི་གཉིས་ནག་བཅས་སུ་གསུངས་འདུག་ཅིང་། དཔལ་ལྡན་ས་སྐྱ་པའི་ལུགས་ཀྱི་རྩིས་གཞུང་ཞིག་ཏུ་གཉིས་ནག་ཀུན་གྱི་གཉན་པའི་གཉིས་ནག་དང་། གསུམ་མཐིང་སྐྱེས་དར་གྱི་གཉན་པའི་གཉིས་ནག བརྒྱད་དཀར་གཙོ་བོའི་གཉན་པའི་གཉིས་ནག་བཅས་སུ་གསུངས་འདུག |
| Domain | རྩིས་རིག |