63733

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲོ་ཆེ་བ་ (1)
Part of speech མིང་ཚིག
Definition ཚོང་ཟོག་བྲིན་རྒྱུག་ཆེ་བའམ། ཉོ་མཁན་མང་བའི་དོན།
Example ས་ཆ་འདིར་གནམ་གཤིས་གྲང་བས་དགུན་ལྭ་མཐུག་པོ་བཙོན་ན་འགྲོ་ཆེ་བ་འདུག ཚོང་ཟོག་གསར་པ་འགྲོ་ཆེ་བ་ཞེས་པ་ལྟ་བུ།
འགྲོ་ཆེ་བ་ (2)
Part of speech མིང་ཚིག
Definition ཕར་གཏོང་དགོས་པའི་འགྲོ་སྒོ་མང་པའི་དོན།
Example གཞུང་དངུལ་འགྲོ་ཆེ་བ། དངུལ་དངོས་འགྲོ་ཆེ་བ་ཞེས་པ་ལྟ་བུ།
འགྲོ་ཆེ་བ་ (3)
Part of speech མིང་ཚིག
Definition ལམ་ལྷོང་ཡོད་པ་སྟེ།
Example བྱ་བ་ལམ་དུ་འགྲོ་ཆེ་བ་ནི་རང་གི་ཧུར་བརྩོན་གྱི་འབྲས་བུ་ཡིན་ཞེས་པ་ལྟ་བུ།