From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
འགྲོ་བ་ (1)
| Part of speech
|
མིང་ཚིག
|
| Definition
|
རྐང་པ་སོགས་ལ་བརྟེན་ནས་བསྐྱོད་པའམ་ཆས་པའི་དོན།
|
| Keyword
|
True
|
| Example
|
རྒྱ་གར་དུ་འགྲོ་བ། ཚོང་རྒྱག་ཏུ་འགྲོ་བ་ཞེས་པ་ལྟ་བུ།
|
| Synonyms
|
རྒྱུ་བ། བཞུད་པ། འགྲུལ་བ། འཆག་པ། བཏེག་པ། ཐོན་པ།
|
| Antonyms
|
ཡོང་བ།
|
འགྲོ་བ་ (2)
| Part of speech
|
མིང་ཚིག
|
| Definition
|
སེམས་ཅན་གྱི་མིང་སྟེ། འགྲོ་བ་རིགས་དྲུག་ཅེས་པ་ལྟ་བུ།
|
འགྲོ་བ་ (3)
| Part of speech
|
མིང་ཚིག
|
| Definition
|
མི་དང་འདྲ་སྟེ།
|
| Example
|
ཨ་ལགས་དོར་ཞིས་བརྡ་སྤྲོད་དོན་འགྲེལ་དུ། བོད་ཡིག་དང་བརྡ་སྤྲོད་རིག་པའི་གཞུང་ལུགས་མ་བྱུང་བའི་གོང་རོལ་བོད་ཀྱི་འགྲོ་བ་འཇིག་རྟེན་དུ་ཆགས་དུས་ནས་བཟུང་མཁས་བླུན་གང་ཡང་རང་སྐད་ཤོད་ཤེས་པ་མིན་ནམ་ཞེས་པ་ལྟ་བུ།
|
འགྲོ་བ་ (4)
| Part of speech
|
མིང་ཚིག
|
| Definition
|
གྲངས་དྲུག་གི་མིང་། འགྲོ་བ་རིགས་དྲུག་ཡོད་པས་གྲངས་ཀ་དྲུག་མཚོན་པ་ཡིན།
|
| Type
|
མངོན་བརྗོད།
|
འགྲོ་བ་ (5)
| Part of speech
|
མིང་ཚིག
|
| Definition
|
ངོ་བོ་སོགས་གཞན་དུ་འགྱུར་བའི་དོན་ཏེ།
|
| Example
|
ཤེས་ཡོན་གྱི་ཆུ་ཚད་ཡར་རྒྱས་འགྲོ་བ། དཔལ་འབྱོར་གོང་འཕེལ་འགྲོ་བ་ཞེས་པ་ལྟ་བུ།
|
འགྲོ་བ་ (6)
| Part of speech
|
མིང་ཚིག
|
| Definition
|
ཤོང་བའི་དོན།
|
| Example
|
ཧ་ཡང་འདིའི་ནང་ཆུ་སྐྱོགས་ལྔ་བཅུ་འགྲོ་བ་ཞེས་པ་ལྟ་བུ།
|
འགྲོ་བ་ (7)
| Part of speech
|
མིང་ཚིག
|
| Definition
|
འཇུག་པའམ་བཀོལ་འོས་པའི་དོན་ཏེ།
|
| Example
|
རྩྭ་ལྡུམ་འདི་སྨན་དུ་འགྲོ་བ་རེད་ཅེས་པ་ལྟ་བུ།
|
འགྲོ་བ་ (8)
| Part of speech
|
མིང་ཚིག
|
| Definition
|
བློ་ལ་འཐད་པའི་དོན་ཏེ།
|
| Example
|
མིག་ལ་འགྲོ་བ། རྣ་བར་འགྲོ་བའི་སྐད་ཆ་ཞེས་པ་ལྟ་བུ།
|
འགྲོ་བ་ (9)
| Part of speech
|
མིང་ཚིག
|
| Definition
|
སྐུར་བ་འདེབས་པ། འདུལ་བ་ལས་འགྲོ་བ་བཞི་ཞེས་པའི་འགྲོ་བ་ནི། འགྲོ་བ་བཞིའི་སྐུར་བ་འདེབས་པ་ལ་ཟེར། དཔེར་ན་དགེ་སློང་ཞིག་ཞེ་སྡང་གིས་བཅས་མཚམས་ལས་མ་འདས་བཞིན་དུ་འདས་སོ་ཞེས་སྐུར་བ་འདེབས་པ་ལ། ཞེ་སྡང་གིས་འགྲོ་བ་ཟེར།
|
| Domain
|
ཆོས་ལུགས།
|
འགྲོ་བ་ (10)
| Part of speech
|
མིང་ཚིག
|
| Definition
|
སྔགས། ཨ་ནུ་ཡོ་ག སྦྱོར་ལམ་ལ་གནས་པའི་བྱང་སེམས་ཏེ། གཟི་ལྡན་འཆར་ཁའི་འོད་སྣང་ལས། སྦྱོར་བ་འདུན་པའི་ཀུན་གཞིའི་སྟོབས་ཀྱིས་བསླབ་པ་ལ་ཞུགས་ནས་གོང་མ་ལ་སྦྱོར་ཞིང་སྐྱེད་དུ་འགྲོ་བས་འགྲོ་བ་དག་དང༌། ཞེས་གསུངས། མདོ་དགོངས་པ་འདུས་པར་འཁོར་ལྔ་ཕྲག་བཅུ་གསུམ་གྱི་ནང་གསེས་དཔེའི་སྒོ་ནས་བཏགས་པའི་མཚན་ལྔའི་ཡ་གྱལ་དུ་བརྩིས་འདུག
|
འགྲོ་བ་ (11)
| Part of speech
|
མིང་ཚིག
|
| Definition
|
ཕྱི་བའི་དོན་ཏེ། དབྱི་དང་། འགྲོ་བ་དང་། ཁྱད་དོན་བཅས་སྒྲ་གཞུང་ན་ཕྱི་བའི་དོན་ཡིན།
|
| Domain
|
སྒྲ་རིག་པ།
|