63748

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲོ་བ་དང་ལས་ལམ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། དམྱལ་བ་ན་ངག་ཀྱལ་དང་ཚིག་རྩུབ་གནོད་སེམས་གསུམ་ཀ་མངོན་གྱུར་དུ་ཡོད། བརྣབ་སེམས་ནི་གཉེན་པོ་མ་སྐྱེས་པའི་སྒོ་ནས་ལྡན། སྒྲ་མི་སྙན་ན་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ་ལྡན་པའི་སྒོ་ནས་ཡོད། བདུན་པ་ངག་ཀྱལ་ནི་དངོས་སུ་ཡང་ཡོད་པ་དང་། འདོད་ཁམས་ན་ནི་མི་དགེ་བཅུ་ལྡན་པ་དང་མངོན་གྱུར་གཉིས་ཀའི་སྒོ་ནས་ཡོད། ཡིད་ཀྱི་དགེ་བ་གསུམ་ནི་ཁམས་གསུམ་ཀ་ན་དབང་ལྡན་དང་མངོན་གྱུར་གཉིས་ཀའི་སྒོ་ནས་ཡོད། གཟུགས་མེད་པ་དང་འདུ་ཤེས་མེད་པའི་སེམས་ཅན་ལ་ནི་ལུས་ངག་གི་ལས་ལམ་བདུན་ལྡན་པའི་སྒོ་ནས་ཡོོད་པའི་ཕྱིར། དེ་དག་ལྷག་མ་ཁམས་དང་འགྲོ་བ་གཞན་ན་ལུས་ངག་གི་དགེ་བ་བདུན་པོ་མངོན་དུ་གྱུར་པའི་སྒོ་ནས་ཀྱང་ཡོད་དེ། ཡི་དྭགས་དང་དུད་འགྲོ་ན་བར་མའི་དགེ་བ་དང་། གཟུགས་ཁམས་ན་མཉམ་གཞག་གི་སྡོམ་པ་གཉིས་དང་། འདོད་པའི་ལྷ་མི་ལ་སྡོམ་པ་གསུམ་ཅི་རིགས་པ་དང་བར་མའི་དགེ་བ་ཡང་ཡོད་པའི་ཕྱིར།
Domain ཆོས་ལུགས།