6375
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བོད་བཙན་པོའི་རྒྱལ་རབས་སྐབས་སུ་བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བརྩིས་པའི་རྒྱལ་ཐོག་ཉེར་བདུན་པ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ། རྒྱ་གར་ནས་པཎྜི་ཏ་བློ་སེམས་འཚོ་དང། ལོ་ཙཱ་བ་ལི་ཐེ་སི་གཉིས་ཀྱིས་བོད་ལ་སྐུ་གསུང་ཐུགས་ཀྱི་རྟེན་འགའ་ཞིག་བསྣམས་ནས་ཕེབས་ཤིང་། རྒྱལ་པོས་དེ་དག་ཕོ་བྲང་ཡུམ་བུ་བླ་སྒང་དུ་གདན་དྲངས་ཏེ། མཆོད་པ་བྱས་པས་གཉན་པོ་གསང་བ་ཞེས་ཐོགས་པ་ཡིན། རྟེན་དེ་དག་ནི་མདོ་ཟ་མ་ཏོག སྙིང་པོ་ཡི་གེ་དྲུག་མ། སྤང་སྐོང་ཕྱག་བརྒྱ་བ། གསེར་གྱི་མཆོད་རྟེན་ཞིག་བཅས་ཡིན་ཞིང་། དེ་ནས་བཟུང་བོད་ལ་དམ་བའི་ཆོས་ཀྱི་དབུ་བརྙེས་པའི་རྟེན་འབྲེལ་འགྲིག་པ་ཡིན་ཞེས། འགོས་ལོ་ཙཱ་བའི་དེབ་ཐེར་སྔོན་པོའི་ནང་དུ་བཤད་ཡོད། སྐུ་གསུང་ཐུགས་རྟེན་དེ་དག་གི་འབྱུང་ཁུངས་ཐད། སྔར་གྱི་ཆོས་འབྱུང་མང་པོའི་ནང་ནམ་མཁའ་ལས་བབས་ཚུལ་ཡང་བཤད་ཡོད། |