63783

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འགྲོ་བའི་ཚུལ་ཉི་ཤུ་ (1)
Part of speech མིང་ཚིག
Definition ཉེས་བྱས་ཀྱི་སྡེ་ཚན་གཉིས་པ་སྤྱོད་ཡུལ་དུ་འགྲོ་བའི་སྡེ་ཚན་ལ། ༡ ལུས་ངག་མ་བསྡམས་པ་དང༌། ༢ གོས་ཚགས་ལེགས་པར་མ་བགོ་བ་དང༌། ༣ ཅ་ཅོ་དང་བཅས་པ་དང༌། ༤ མིག་གཡས་གཡོན་དུ་ལྟ་བ་དང༌། ༥ གཉའ་ཤིང་གང་ལས་རིང་དུ་ལྟ་བ་དང༌། ༦ མགོ་གོས་ཀྱིས་བཏུམ་པ་དང༌། ༧ ཤམ་ཐབས་འདོམས་སྣང་བར་བརྫེ་བ་དང༌། ༨ བླ་གོས་ཕྲག་པ་གཉིས་ཀར་གཟར་བ་དང༌། ༩ ལག་པ་གཉིས་མདུན་ནས་གཉའ་བར་བསྣོལ་བ་དང༌། ༡༠ རྒྱབ་ནས་ལྷག་པར་བསྣོལ་བ་དང༌། ༡༡ མཆོང་བ་དང༌། ༡༢ གོམ་ཆེན་སྤོས་པ་དང༌། ༡༣ རྟིང་པ་བཙུགས་ཏེ་ཙོག་པུར་འགྲོ་བ་དང༌། ༡༤ རྟིང་པ་བཏེགས་ནས་རྐང་པའི་བྲང་གིས་འགྲོ་བ་དང༌། ༡༥ གྲུ་རྒྱངས་བཅས་པ་དང༌། ༡༦ ལུས་ཀྱོག་པོར་བསྒྱུར་བ་དང༌། ༡༧ ལག་པ་གཡོབ་པ་དང༌། ༡༨ མགོ་བོ་གཅོག་ཅིང་བསྒྱུར་བ་དང༌། ༡༩ གཞན་དང་ཕྲག་པ་སྤྲད་པ་དང༌། ༢༠ གཞན་དང་ལག་པ་སྦྲེལ་བ་བཅས་ཀྱིས་འགྲོ་བ་ན་ཉེས་བྱས་སུ་འགྱུར་བ་སྟེ་ཉི་ཤུའོ། །
Domain ཆོས་ལུགས།