6381
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་གསེས་མཚན་ལྡན་གྲོགས་སུ་བསྙེན་བྱ་སྟེ། མཚན་ལྡན་གྲོགས་ལ་བསྙེན་ཞེས་བྱ་བ་ནི། བསྙེན་སྒྲུབ་སོགས་ཀྱི་སྐབས་སུ་མཚན་ལྟས་བཟང་བའི་གྲོགས་བཙལ་ཅིང་བསྟེན་པའི་དོན་ལ་བྱ་སྟེ། དེ་ཡང་དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། དམར་སེར་ཤ་སྐམ་ཚིག་བརྟན་པ། དམ་ཚིག་བཟུང་ཐུབ་གཉན་མོའི་གྲོགས། ཞེེས་གསུངས་པས། དེ་ལ་ཡང་ངོ་བོའམ་མཚན་ཉིད་བསྟན་ཏེ། ལུས་མདོག་དམར་སེར་དུ་ཆགས་ལ་ཤ་སྐམ་ཞིང་ངག་གིས་སྨྲ་བའི་ཚིག་བརྟན་པ་ཡིད་ཀྱིས་དམ་ཚིག་བཟུང་ཐུབ་པའི་རིགས་ཅན་མ་ལ་བྱའོ། །དེ་ལ་གཉན་མོའི་གྲོགས་ཞེས་སྨོས་པ་ནི་མཚན་ལྟས་ཀྱི་སྒོ་ནས་བརྗོད་པར་མངོན་ནོ། ། |
| Domain | ཆོས་ལུགས། |