63885

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆག་ (1)
Part of speech བྱ་ཚིག
Definition ཤིང་སྡོང་སོགས་དུམ་བུར་སོང་བའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [འཆག, སྟོན་དུས་སྡོང་ལོའི་ཡལ་ག་འཆག་རྒྱུ་རེད།]
Present [འཆག, སྡོང་པོ་འཆག་བཞིན་འདུག]
Past [ཆག, ཤིང་སྐམ་ཆག་ནས་རུལ་ལྟ་བུ།]
འཆག་ (2)
Part of speech བྱ་ཚིག
Definition དངོས་པོ་གཞི་ཅུང་ཆེ་བའི་སྟེང་དུ་གཞན་ཕྲ་མོའམ་ཆུང་བ་གྲུབ་པའི་དོན།
Future [འཆག, སྟོན་མཇུག་གྲངས་ངར་ཚུགས་པས་ཆུ་ལ་ཆབ་རོམ་འཆག་ལ་ཉེ།]
Present [འཆག, གོས་ལ་རྡུལ་འཆག་གིན་འདུག]
Past [ཆགས།, འོ་མར་ཁ་ཕྲུ་ཆགས་ལྟ་བུ།]
འཆག་ (3)
Part of speech བྱ་ཚིག
Definition བྱ་བ་དུས་སུ་མ་བྱས་པར་འཐུས་ཤོར་བའི་དོན།
Future [འཆག, དུས་ལྟར་སློབ་ཐུན་འཆག་མི་རུང་།]
Present [འཆག, སློབ་ཐུན་འཆག་བྱེད་ཀྱི་རྣམ་གཡེང་རིགས་ལ་འཛེམ་དགོས།]
Past [ཆག, སློབ་ཐུན་ཆག་ནས་གྱོང་རང་ལ་རེག་ལྟ་བུ།]
འཆག་ (4)
Part of speech བྱ་ཚིག
Definition འགྲོ་བསྐྱོད་བྱས་པའི་དོན།
Future [བཅག, ང་ཚོའི་ཕ་ཡུལ་ལ་ཞབས་ཀྱིས་བཅག་རྒྱུར་མཁྱེན།]
Present [འཆག, དགེ་རྒན་སློབ་ཁང་དུ་འཆག་གིན་འདུག]
Past [བཅགས།, ཡུལ་འདིར་དམ་པ་མང་པོས་ཞབས་ཀྱིས་བཅགས།]
Imperative [ཆོགས།, མཛེས་ལྗོངས་འདིར་ཞབས་ཀྱིས་ཆོགས་ཤིག་ལྟ་བུ།]