6389

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉན་འཛི་ཟུང་ནག་པོ་ (1)
Part of speech མིང་ཚིག
Definition དུས་རབས་ལྔ་པའི་དུས་སྨད་དུ་སྐུ་འཁྲུངས། སྐུ་ཚེ་སྟོད་དུ་ཟིང་བོ་རྗེ་སྟག་སྐྱ་བོའི་བློན་པོ་མཛད། རྒྱལ་སྲིད་ལ་ཕན་པའི་གཏམ་མང་པོ་ཞུས། ཟིང་པོ་རྗེ་སྟག་སྐྱ་བོས་མ་གསན་པར་བཀས་བཀྱོན། བློན་པོའི་གོ་གནས་ལས་ཕུད། ཟིང་པོ་རྗེ་ཁྲི་པངས་སུམ་ལ་མགོ་འབུལ་ཞུས། ཟིང་པོ་རྗེ་སྟག་སྐྱ་བོ་བཅོམ། ཡུལ་ཡེལ་རབས་སྡེ་བཞི་དང་། ཀླུང་ཡ་གསུམ་བཅས་པ་ཟིང་པོ་རྗེ་ཁྲི་པངས་སུམ་གྱི་མངའ་ཞབས་སུ་བསྡུས། ཟིང་རྗེ་ཁྲི་པངས་སུམ་ཐུགས་དགྱེས། གཉན་འཛི་ཟུང་ནག་པོ་ལ། ཀླུང་ཡ་གསུམ་གྱི་སྨད་ཕྱོགས་རྣམས་བྱ་དགར་གནང་།