63898

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆད་ (1)
Part of speech བྱ་ཚིག
Definition དངོས་རྫས་རིང་པོའི་རིགས་དུམ་བུར་གྱུར་པ་དང་རྒྱུན་མེད་པར་གྱུར་བའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Future [འཆད།, ཐག་པ་འཆད་ལ་ཉེ།]
Present [འཆད།, ཐག་ཧྲུལ་འཆད་བཞིན་པ།]
Past [ཆད།, རེ་བ་ཆད་ན་དོན་མི་འགྲུབ།]
Imperative [ཆོད།, ཐག་པ་ཆོད་ཅིག་ལྟ་བུ།]
འཆད་ (2)
Part of speech བྱ་ཚིག
Definition མི་ཕན་ཚུན་བར་ལ་བརྡ་འཕྲོད་པའི་ཆེད་ངག་གི་གཏམ་བརྗོད་པའི་དོན།
Keyword True
Transitive བྱ་བྱེད་ཐ་དད་པ།
Future [བཤད།, གཏམ་བཤད་རྒྱུ་མ་བརྗེད།]
Present [འཆད།, ལེགས་ཉེས་འཆད་མཁན་གྱི་དགེ་རྒན།]
Past [བཤད།, མི་མང་ལ་གཏམ་བཤད།]
Imperative [ཤོད།, གནས་ལུགས་ཡོད་ན་ཤོད་ཅིག་ལྟ་བུ།]