63902

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆད་ཐབས་ཡན་ལག་དྲུག་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་སྔགས་ཕྱི་ནང་ཐུན་མོང་གི་རྒྱུད་ལ་སྦྱོར་བའི་འཆད་ཐབས་ཡན་ལག་དྲུག་ཏུ་གསུངས་པ་དང་། ངེས་པའི་གསང་སྒོ་འབྱེད་པའི་ལྡེ་མིག་ལ་ཡན་ལག་དྲུག་ཏུ་གསུངས་པའང་བགྲང་ཚུལ་འདི་དང་གཅིག་པ་ཡིན་ཏེ། རྒྱུའི་ཡན་ལག་དང། རྩ་བའི་ཡན་ལག་དང། འབྲེལ་པའི་ཡན་ལག་དང། འདྲེན་པའི་ཡན་ལག་དང། ངེས་པའི་ཡན་ལག་དང། སྦྱོར་བའི་ཡན་ལག་བཅས་དྲུག་གོ ། གཟི་ལྡན་འཆར་ཁའི་འོད་སྣང་དུ། སྔགས་ཕྱི་ནང་གི་རྒྱུད་ལ་ཐུན་མོང་དུ་སྦྱོར་བའི་འཆད་ཐབས་དྲུག་གང་ཞེ་ན། འདི་ལྟ༷་སྟེ། རྒྱུའི་ཡན་ལག་གླེང་གཞི་གཉིས་དང༌། རྩ་བའི་ཡན་ལག་གླེང་བསླང་གཉིས་དང༌། འབྲེལ་བའི་ཡན་ལག་དགོས་འབྲེལ་བཞི་དང༌། འདྲེན་པའི་ཡན་ལག་བཤད་ཐབས་བཅུ་དང༌། ངེས་པའི་ཡན་ལག་ཐབས་སྒོ་བཅུ་གཉིས་དང༌། སྦྱོར་བའི་ཡན་ལག་རྟོགས་འཇུག་དྲུག་ཅུ་རྩ་གཅིག་གོ ། ཞེས་གསུངས། འདི་ལ་ཡན་ལག་དྲུག་ཅེས་ཀྱང་བྱ།
Domain ཆོས་ལུགས།