63907
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་བོན་སྡེ་རྒྱུད་ལུང་མན་ངག་སོགས་བཀའ་སྡེ་སྣོད་གང་ལ་འཆད་འགྲེལ་ཆོག་པའི་དབང་ངམ་གནང་བ་སྦྱིན་ཡུལ་གྱི་སྣོད་ཀྱི་གང་ཟག་སྟེ། རྫུ་འཕྲུལ་དྲྭ་བ་གཡུང་དྲུང་གསང་བའི་རྒྱུད་ལས། སྡེ་སྣོད་བོན་སྒོ་གསས་མཁར་དོན། རྒྱུད་ལུང་ཐེག་པའི་དོན་དགྲོལ་ལ། དེ་ལ་འཆད་པའི་དབང་རྣམས་བསྐུར། ཞེས་པས། སྡེ་སྣོད་ཟུང་གསུམ་ཡ་དྲུག་གི་བོན་དང་། བོན་སྒོ་བརྒྱད་ཁྲི་བཞི་སྟོང་། གསས་མཁར་སུམ་བརྒྱ་དྲུག་ཅུ། ཕྱི་ནང་གི་རྒྱུད་དང་ལུང་མན་ངག ཐེག་པ་རིམ་དགུའི་བོན་སྡེ་གང་ལ་ཕྱོགས་མེད་ཀྱི་དགོངས་རྟོགས་རབ་ཏུ་རྒྱས་ལ་དེ་དག་དགོངས་དོན་ཕྱིན་ཅི་མ་ལོག་པ་གང་ལ་གང་སྨིན་འགྲེལ་བར་ནུས་པའི་སྐྱེས་བུ་ཞིག་ཏུ་བཤད་དོ། ། |
| Domain | ཆོས་ལུགས། |