63912

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆབ་པ་ (1)
Part of speech མིང་ཚིག
Definition སྦེད་པའམ་གསང་བའི་དོན་གྱི་བཅབ་པའི་ད་ལྟ་བའི་བྱ་བའི་མིང་།
Example རང་གི་ནོར་འཁྲུལ་འཆབ་པ་ཞེས་པ་ལྟ་བུ།
འཆབ་པ་ (2)
Part of speech མིང་ཚིག
Definition འཆབ་པ་ནི་གཏི་མུག་གི་ཆར་གཏོགས་པ་ཁ་ན་མ་ཐོ་བ་མཁྱུད་པའི་སེམས་བྱུང་ངོ་ཞེས་ཀུན་མཁྱེན་གོ་རམས་པའི་ཇི་སྙེད་ཤེས་བྱའི་སྒོ་འབྱེད་ལས་སོ། ། འཆབ་པ་ནི་ཉེས་པ་སྦེད་ཅིང་གསང་བ་སྟེ། ལས་ནི་ཉེས་པ་བཅབས་ན་འགྱོད་ཅིང་ངེས་པར་ཡིད་མི་བདེ་འབྱུང་བས་འགྱོད་པ་དང། བདེ་བ་ལ་རེག་པར་མི་གནས་པའི་རྟེན་བྱེད་པའོ་ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །
Domain ཆོས་ལུགས།
འཆབ་པ་ (3)
Part of speech མིང་ཚིག
Definition དགེ་བའི་བཤེས་གཉེན་སོགས་གང་ཟག་གཞན་གྱིས་རང་ལ་ཕན་པར་འདོད་པའི་བསམ་པས་ཉེས་པ་གླེང་བ་ན། གཏི་མུག་གི་དབང་གིས་ཉེས་པ་སྦ་བར་འདོད་པའི་བློ་ཞིག་ལ་ཟེར། དེ་ལྟར་ཡང། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ལས། འཆབ་པ་གང་ཞེ་ན། ལེགས་པར་བསྐུལ་བ་ལ་གཏི་མུག་གི་ཆར་གཏོགས་པས་ཁ་ན་མ་ཐོ་བ་མཁྱུད་པ་སྟེ། འགྱོད་པ་དང་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ནོ་ཞེས་གསུངས། རང་གི་ཉེས་པ་ཁས་མི་ལེན་པ་འཆབ་པར་བྱེད་པ་འདིས་ནི་ཉེས་པ་ཆུང་ངུ་ཡང་ཆེན་པོར་འཕེལ་ཏེ་འགྱོད་པ་དང་བདེ་བ་ལ་རེག་པར་མི་གནས་པའི་རྒྱུ་བྱེད་ཅིང་། ཕྱི་མར་ངན་སོང་དུ་འཕེན་པའི་ལས་བྱེད་དོ། །
འཆབ་པ་ (4)
Part of speech མིང་ཚིག
Definition ཉེ་ཉོན་ཉི་ཤུའི་ནང་གསེས་ཤིག བྱ་བར་མི་འོས་པའི་ལས་བྱས་པ་རྣམས་གཞན་ལ་གསང་བ་སྟེ་སྐྱོན་སྦ་བའི་རྣམ་པ་ཅན་གྱི་སེམས་བྱུང་། འདི་ཉིད་སྒོམ་པས་སྤང་བྱ་ཁོ་ན་དང་རང་དབང་ཅན་ཡིན་ཏེ། སྒོམ་སྤང་གི་མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཞན་ཡང་འདི་ཉིད་འདོད་པའི་ཁམས་ན་སྤྱོད་པ་ཁོ་ན་ཡིན་ལ། ངོ་བོ་ནི་མི་དགེ་བ་ཡིན་ནོ། །