63928

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆའ་ (1)
Part of speech མིང་ཚིག
Definition སྐས་གདང་ལྟ་བུའི་སྟེགས་བུའི་འགྱོག་ཁྲིའམ་འཆའ་ཀྱག་གི་མིང་།
Example དཀར་ཡོལ་འཆའ་ནང་དུ་བསྒྲིགས་ལྟ་བུ།
འཆའ་ (1)
Part of speech བྱ་ཚིག
Definition སྒྲིག་དང་ཁྲིམས་སྲོལ་སོགས་གཏན་འབེབས་བྱེད་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བཅའ།, རྒྱལ་ཁབ་ཀྱི་ཁྲིམས་བཅའ་བ་ལ་བསམ་བློ་ངེས་ཅན་གཏོང་དགོས།]
Present [འཆའ།, འཆའ་ཁྲིམས་འཆའ་མཁན་གྱིས་མཁས་དབང་ཁག]
Past [བཅས།, རྒྱལ་ཁྲིམས་བཅས་ནས་མི་རྣམས་བདེ་ལ་བཀོད།]
Imperative [ཆོས།, ཚོགས་པ་རྣམས་ལ་སྒྲིག་གཞི་ཆོས་ཤིག་ལྟ་བུ།]
འཆའ་ (2)
Part of speech བྱ་ཚིག
Definition ཟས་སོ་ཡིས་བལྡད་པའི་དོན།
Future [འཆའ།, ཟས་ཞིམ་པོ་འཆའ་ན་སོ་དགོས།]
Present [འཆའ།, ཁྱི་རྒན་གྱིས་རུས་པ་འཆའ་བཞིན་ངེར།]
Past [འཆོས།, སྤྱང་ཀིས་ལུག་ཤ་འཆོས་ཟིན།]
Imperative [འཆོས།, ཤ་ཞིམ་ན་འཆོས་དང་ལྟ་བུ།]
འཆའ་ (3)
Part of speech བྱ་ཚིག
Definition ལས་དོན་གང་ཞིག་བསྒྲུབ་རྒྱུར་ཁས་ལེན་བྱས་པའི་དོན།
Transitive བྱ་བྱེད་ཐ་མི་དད་པ།
Future [བཅའ།, ད་ནས་བཟུང་ཁྲིམས་ལུགས་ཚུལ་བཞིན་སྲུང་རྒྱུ་དམ་བཅའ།]
Present [འཆའ།, སྒྲིག་ལམ་སྲུང་བར་དམ་འཆའ།]
Past [བཅས།, ཁྲིམས་ལུགས་སྲུང་རྒྱུ་དམ་བཅས།]
Imperative [ཆོས།, དགེ་རྒན་གྱིས་མདུན་ནས་སྒྲིག་ལམ་རྩི་རྒྱུ་དམ་ཆོས་ཤིག་ལྟ་བུ།]
འཆའ་ (4)
Part of speech བྱ་ཚིག
Definition སྡོད་གནས་བྱེད་པའི་དོན།
Future [བཅའ།, བྲག་འདི་ལ་བྱ་རྒོད་ཀྱིས་ཚང་བཅའ་སྲིད།]
Present [འཆའ།, ཐི་བྱའི་ཚང་འཆའ་བཞིན་གདའ།]
Past [བཅས།, གྲོགས་པོའི་ནང་དུ་གནས་མལ་བཅས།]
Imperative [ཆོས།, གཏན་གྱི་གནས་མལ་ཕ་ཁྱིམ་ལ་ཆོས་ལྟ་བུ།]
འཆའ་ (5)
Part of speech བྱ་ཚིག
Definition རྐང་ལག་དང་དངོས་རྫས་ཀྱི་དབྱིབས་གཟུགས་འདྲ་མིན་དུ་བསྒྱུར་བའི་དོན།
Future [བཅའ།, རིམ་གྲོའི་ཆེད་གཏོར་མ་བཅའ་དགོས།]
Present [འཆའ།, ཨ་མཆོད་རྣམས་ཀྱིས་ཕྱག་རྒྱ་འཆའ་བཞིན་ཆོ་ག་འདོན།]
Past [བཅས།, རྐང་པ་གཉིས་སྐྱིལ་ཀྲུང་བཅས་ནས་སྒོམ་བརྒྱབ།]
Imperative [ཆོས།, ཟན་གྱིས་གཏོར་མ་ཆོས་ཤིག་ལྟ་བུ།]