63930

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆར་ (1)
Part of speech བྱ་ཚིག
Definition བྱ་དངོས་གང་ཞིག་མངོན་དུ་གྱུར་པའམ་གསལ་བོ་བྱུང་བའི་དོན།
Keyword True
Transitive བྱ་བྱེད་ཐ་མི་དད་པ།
Antonyms ནུབ།
Future [འཆར།, རི་བོའི་ཕག་ནས་ཉི་མ་འཆར་ལ་ཉེ།]
Present [འཆར།, ཟླ་འོད་འཆར་བཞིན་པའི་སྐབས།]
Past [ཤར།, ཉི་མ་ཤར་ནས་ལུས་དྲོས་ལྟ་བུ།]
འཆར་ (2)
Part of speech བྱ་ཚིག
Definition མེ་ཏོག་ཁ་ཕྱེ་བའམ་བཞད་པའི་དོན།
Future [འཆར།, ཁམ་བུའི་མེ་ཏོག་དཔྱིད་ཀ་འཆར་ལ་ཉེ།]
Present [འཆར།, མེ་ཏོག་འཆར་བཞིན་པ།]
Past [ཤར།, མེ་ཏོག་ཤར་ནས་སྣང་བ་སྐྱིད་ལྟ་བུ།]
འཆར་ (3)
Part of speech བྱ་ཚིག
Definition དུས་རབས་གསར་བ་སླེབས་པའི་དོན།
Future [འཆར།, བདེ་སྐྱིད་ལྡན་པའི་བསྐལ་པ་བཟང་པོ་འཆར་ངེས།]
Present [འཆར།, བདེ་སྐྱིད་འཆར་བྱེད་ཀྱི་སྲིད་བྱུས།]
Past [ཤར།, དུས་རབས་འདིར་བདེ་སྐྱིད་ཤར་བ་ཁྱེད་ཀྱི་བཀའ་དྲིན་ཡིན།]
འཆར་ (4)
Part of speech བྱ་ཚིག
Definition སེམས་ལ་དྲན་པའི་དོན།
Future [འཆར།, འཛུམ་ཞལ་མིག་ལ་འཆར་རྒྱུ་བྱུང་ན་དགའ་བ་ལ།]
Present [འཆར།, ཨ་མའི་ཞལ་རས་ཡིད་ལ་འཆར་བཞིན་པ།]
Past [ཤར།, དགྱེས་ཞལ་ཡིད་ལ་ཤར་ནས་བདེ་སྐྱིད་བྱུང་ལྟ་བུ།]
འཆར་ (5)
Part of speech བྱ་ཚིག
Definition གཟུགས་བརྙན་བབས་པའམ་སྣང་བའི་དོན།
Future [འཆར།, ཆུ་དྭངས་ན་ཟླ་གཟུགས་འཆར།]
Present [འཆར།, ཟླ་བའི་གཟུགས་བརྙན་རྫིང་བུའི་ནང་དུ་གསལ་ལེར་འཆར་བཞིན་པ།]
Past [ཤར།, ཟླ་འོད་མཚོ་ལ་ཤར་ནས་ཁོར་ཡུག་མཛེས་ལྟ་བུ།]