63961

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆི་ཀའི་དུས་སུ་བསྒོམ་པར་བྱ་བའི་འདུ་ཤེས་བཅུ་ (1)
Part of speech མིང་ཚིག
Definition འདུ་ཤེས་བཅུ་བསྟན་པའི་མདོ་ལས་བྱུང་བ་སྟེ། ཚེ་འདིའི་སྤྱོད་ཡུལ་ལ་མ་ཆགས་པའི་འདུ་ཤེས། སེམས་ཅན་ཐམས་ཅད་ལ་སྙིང་རྗེ་དང༌། བྱམས་པའི་འདུ་ཤེས། འཁོན་དུ་འཛིན་པ་ཐམས་ཅད་ཡོངས་སུ་འདོར་ཞིང་སྤོང་བའི་འདུ་ཤེས། ཚུལ་ཁྲིམས་འཆལ་ཅིང་ཉམས་པ་ཐམས་ཅད་བཤགས་ཤིང༌། ཚུལ་ཁྲིམས་ཐམས་ཅད་ཡང་དག་པར་བླང་བའི་འདུ་ཤེས། བདག་དང༌། གཞན་གྱིས་ཉེས་པ་ཆེན་པོ་བྱས་པ་དག་ལ་ཡ་ང་བའི་འདུ་ཤེས། བདག་དང་གཞན་གྱིས་དགེ་བའི་རྩ་བ་ཆུང་ངུ་བྱས་པ་དག་ལ་འབྲས་བུ་དང༌། ཕན་ཡོན་ཆེ་བའི་འདུ་ཤེས། འཇིག་རྟེན་ཕ་རོལ་ཏུ་ཕྱིན་པ་དག་ལ་མི་སྐྲག་ཅིང་འཇིགས་པ་མེད་པའི་འདུ་ཤེས། འདུ་བྱེད་ཐམས་ཅད་ལ་མི་རྟག་པའི་འདུ་ཤེས། ཆོས་ཐམས་ཅད་ལ་བདག་མེད་པའི་འདུ་ཤེས། མྱ་ངན་ལས་འདས་པ་ནི་བདེ་བ་དང༌། ཞི་བའོ་སྙམ་དུ་འདུ་ཤེས་པ་མངོན་པར་བསྒྲུབ་པར་བྱ་བའོ། །
Domain ཆོས་ལུགས།