63971
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | བརྩི་བྱའི་ཡུལ་དུ་གྱུར་པ་དག་ཚེ་ཟད་ལས་ཀྱིས་ཤི་བའི་དུས་བདུན་ཏེ། སྲོག་གི་འཆི་དུས་དང་། ལུས་ཀྱི་འཆི་དུས། དབང་ཐང་གི་འཆི་དུས། ཀླུང་རྟའི་འཆི་དུས། སྤར་ཁའི་འཆི་དུས། སྨེ་བའི་འཆི་དུས། ལོ་འགྲོས་ཀྱི་འཆི་དུས་བཅས་ལ་ཟེར་བ་ཡིན། གལ་སྲིད་རྒན་གཞོན་བར་མའི་སྐྱེ་བོ་སུ་ཞིག་དུས་ངན་དེ་དག་གི་སྟེང་དུ་འཆི་བ་ལ་མངོན་པར་ཕྱོགས་པ་ཡིན་ན་ཚེ་ཡི་མཐའ་ཟད་པ་ཡིན་པས། སྨན་བོན་བརྒྱ་སྟོང་ཚོགས་ཀྱང་བཅོས་ནས་སྐྱོབ་ཐབས་མེད་པ་མ་ཟད། དེ་ལྟར་ཚེ་ཟད་ལས་ཀྱིས་ཤི་བའི་གཤིན་པོའི་ཆེད་དུ་གསོན་པོས་མྱང་ངན་བྱ་རྒྱུ་མེད་པར་བཤད། |
| Domain | རྩིས་རིག |