63974
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཐ་མལ་བ་ལ་འཆི་བ་རང་ག་བ་འོང་བའི་དོད་ལ་ལམ་འདིའི་སྒྲུབ་པ་པོ་ལ་ལྷག་མོས་འོད་གསལ་དུ་སྡུད་པའི་དེ་བཞིན་ཉིད་ལས་བྱང་ཆུབ་པའི་ཚུལ་ཞིག་བློ་ངོར་འཆར་བས་དེ་ལྟར་བརྗོད་པ་ཡིན་ནོ། །ལྷག་མོས་འོད་གསལ་དུ་སྡུད་པའི་ཆོ་གའི་རིམ་པ་ནི། རྩ་རྒྱུད་ལེའུ་བདུན་པ་ལས། དམ་ཚིག་ཁུ་བྱུང་ཆོ་ག་བཞིན། །འབྲས་བུ་འདོད་པས་བཏུང་བར་བྱ། །དེ་བཞིན་གཤེགས་པའི་ཚོགས་བསད་ན། །དངོས་གྲུབ་རབ་མཆོག་ཐོར་པར་འགྱུར། །ཞེས་པས་བསྟན་པར་མདོ་བསྲེ་ལས་བཤད་དོ། ། མཚན་ཉིད་ནི། རང་འབྲས་རྫོགས་རིམ་དཔེ་དང་དོན་གྱི་འོད་གསལ་གྱི་རྒྱུད་སྨིན་བྱེད་གང་ཞིག མ་འོངས་པ་ན་འབྱུང་རྒྱུ་འཆི་བ་འོད་གསལ་དང་རྣམ་པ་མཐུན་པར་ང་དང་ང་ཡི་བར་འཛིན་པའི་གཞི་ཕུང་སོགས་ཕྲ་རགས་ཐམས་ཅད་སྟོང་ཉིད་ངང་དུ་བློ་བརྟགས་ནས་བསྒོམ་པའི་རིམ་པ་དང་པོའི་རྣལ་འབྱོར་དེ། འཆི་བ་ཆོས་སྐུའི་ལམ་ཁྱེར་གྱི་མཚན་ཉིད། སྒྲ་བཤད་ཀྱང་བཞག་ཏུ་ཡོད་དེ། ཐ་མལ་བའི་འཆི་བ་འོང་རྒྱུའི་ཚབ་ལ་བསྒོམས་སྟོབས་ཀྱིས་དཔེ་དོན་གྱི་འོད་གསལ་བསྐྱེད་ཅིང་། དེ་བསྒོམས་པས་ཡེ་ཤེས་ཆོས་སྐུ་མངོན་དུ་འགྱུར་འོང་བ་དེ་ཉིད་ད་ལྟ་ནས་ལམ་དུ་བྱེད་པའི་ཚུལ་དུ་བྱས་ཏེ་བསྒོམ་པའི་རྣལ་འབྱོར་ཡིན་པས་ན་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་ཁྱེར་ཞེས་བྱའོ། ། |
| Domain | ཆོས་ལུགས། |