6401

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གཉའ་ཁྲི་བཙན་པོ་ (1)
Part of speech མིང་ཚིག
Definition བོད་བཙན་པོའི་རྒྱལ་རབས་དང་པོ་སྟེ། ཕྱི་ལོའི་གོང་གི་ཆུ་ཁྱི་ ༥༣༩ ལོར་བྱོན་ནས་བོད་ཁ་ཉ་དྲུག་གི་རྗེ་བོ་བྱས། གནམ་མུག་མུག་གམ་མུ་ཚོ་བཟའ་བྱ་བ་ཁབ་ཏུ་བཞེས་པར་སྲས་མུ་ཁྲི་བཙན་པོ་འཁྲུངས། སྐུ་མཁར་ཐོག་མ་ཡུམ་བུ་བླ་སྒང་མཛད། སུམ་པའི་དཔོན་པོ་ཨ་ཡོངས་རྒྱལ་བ་བཏུལ། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་འབངས་སུ་འདུས། སྲས་ཀྱི་ཆིབས་ཁ་ཐུབ་པ་ཙམ་ན་ཡབ་གནམ་དུ་གཤེགས་ཞེས་གྲགས་པས་སྐུ་ཚེ་རིང་པོ་མ་བཞུགས་པར་མངོན།

{{#arraymap:གཉའ་ཁྲི་བཙན་པོ་

|; |@@@ | | }}