6402
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ༡ ཡང་གསང་ཐེ་བྲང་ལས་ཆད་ལུགས་ནི། ཡང་གསང་ཐེ་བྲང་ལས་ཆད་གཉའ་ཁྲིར་བཏགས་སྐད། ཡུལ་སྤུ་བོའི་ཡུལ་ནས་སྤུའི་བུ་མི་མོ་བཙུན་བྱ་བའི་རུམ་ནས་ཐེ་བྲང་སྤུན་དགུ་སྐྱེས་པའི་ཆུང་དག་ཐེ་བྲང་མ་སྙ་ཨུ་བེ་ར་བྱ་བ། ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ། ཕྱག་དོར་དྲ་བར་འབྲེལ་བ། ཤིན་ཏུ་གདུག་རྩུབ་དང་ནུས་མཐུ་ཆེ་བ་གཅིག་བྱུང་བས། འདི་མཐུ་དྲགས་བཤུག་དགོས་ཟེར་ནས། སྤུ་བོའི་ཡུལ་གྱི་བན་བོན་ནུས་མཐུ་ཅན་རྣམས་ཀྱིས་ཐེ་བྲང་སྐྱས་འདེབས་བྱས་ནས་བོད་དུ་བཤུགས་པ་ལ། དེར་བོད་ཀྱིས་མི་རྗེ་འཚོལ་བ་དང་ཕྲད་ནས་ཁྱོད་ཅི་འདྲ་ཞིག་ཡིན་བྱས་པས། ང་སྤུ་བོའི་ཡུལ་གྱི་མི་གཅིག་ཡིན་ཟེར་བས། འོ་ན་ཕྱག་སོར་དང་ལྕེ་ངོ་མཚར་ཆེ་བ་གཅིག་འདུག་པ། ཁྱོད་ལ་ནུས་མཐུ་འདྲ་བ་ཅི་ཡོད་བྱས་པས། ཁོ་ན་རེ་ནུས་མཐུ་དང་རྫུ་འཕྲུལ་ཆེ་དྲགས་པས་བཤུགས་པ་ཡིན་ཟེར། འོ་ངེད་ཀྱི་རྗེ་བཅོལ་ལོ་བྱས་ནས། གཉན་བའི་ཁྲི་ལ་བླངས་ནས། འདི་རྗེ་གཉའ་ཁྲི་བཙན་པོ་ཡིན་བྱས་ནས་རྗེ་བཅོལ་བའི་ལོ་རྒྱུས་གདའ་སྟེ། དེ་ནི་རྗེའི་རྔན་ནམ་མཚང་ལགས་སོ། ། ༢ གསང་བ་བོན་ལུགས་འདོད་ཁམས་ལྷ་ལས་ཆད་ལུགས་ནི། གསང་བ་བོན་ལུགས་ལྷ་ལས་ཆད་སྐད་པ། དེ་ལ་སྤྱི་དོན་ཕྱེད་དང་གཉིས་ཀྱིས་སྟོན། ཅན་ལྔ་ལོག་གནོན་གསང་བ་ཡང་ཆུང་ཕྱེད་སྐད་པ། བོན་གློ་བུར་རྒྱལ་པོ་ལ་གླེང་བའི་ཚིག་ཕྱེད་དང་བདུན་གྱིས་སྟོན་ཏེ། ཡོ་ག་ལྷ་གྱེས་ཅན། ཟངས་མ་གཞུག་རལ་ཅན། ལྟབ་མ་དགུ་བརྩེགས་ཅན། ཟིང་པོ་མགོ་སྔོན་ཅན། གསང་བ་ཕྱག་རྒྱ་ཅན། དགེ་བཤེས་ཁུ་དང་ལྷ་པོས་བརྩམས་པའི་ལོ་རྒྱུས་ཆེན་པོའམ་ལོག་གནོན་ཆེན་པོ། གསང་བ་ཡང་ཆུང་ནི་གཤིན་བང་སོ་བཏབ་པའི་རབས་ཡིན་པས་ཕྱེད་དུ་འཇོག་པ་ལགས་སོ། །དེ་ཚོས་ཀྱང་སྟོད་ལྷ་རབས། བར་མངའ་དར། ཐ་མ་གྱེས་མདའ་འམ་སིལ་ཆད་བགྱི་བར་གདའ། ཞེས་སོ། ། ༣ གྲགས་པ་ཆོས་ལུགས་ཤཱཀྱའི་གདུང་རྒྱུད་ལས་ཆད་ལུགས་ནི། གྲགས་པ་ཆོས་ལུགས་གདུང་རྒྱུད་དག་ལས་ཆད། །གདུང་རྒྱུད་རིགས་གསུམ་ཤཱཀྱ་ཆེན་པོ་དང་། །ལི་ཙ་བྱི་དང་ཤཱཀྱ་རི་བྲག་པ། །དེ་རྒྱུད་གཉིས་ཏེ་དམག་བརྒྱ་སྐྱབས་སེང་གེ །བརྒྱ་པའི་བུ་ནི་བོད་དུ་བྱོན་པ་ལགས། དེའི་མཚན་ནི་གཉའ་ཁྲི་བཙན་པོ་གསོལ། །ཞེས་སོ། ། |
Domain | ལོ་རྒྱུས། |
{{#arraymap:གཉའ་ཁྲི་བཙན་པོ་བྱོན་པའི་གླེང་ལུགས་གསུམ་
|; |@@@ | | }}