64030

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆི་མེད་གཙུག་ཕུད་ (1)
Part of speech མིང་ཚིག
Definition འཁྲུངས་ཡུལ། གནས་མཆོག་འོལ་མོ་གླིང་ཆེན། སྟོན་པ་དེའི་ཡབ་འཕྲུལ་གཤེན་སྣང་ལྡན་དང་། ཡུམ་བཟང་ཟ་རིགས་བཙུན་གཉིས་ཀྱི་སྲས་སུ། སྤྱི་ལོའི་སྔོན་དུ་འཁྲུངས་པའི་བོན་གྱི་སྟོན་པ་ཞིག་དང་། ཀུན་འབྱུང་ལྟར། ཕུན་སུམ་ཚོགས་པ་ལྔའི་ནང་ཚན་སྟོན་པ་ཕུན་སུམ་ཚོགས་པ་སྟེ། དེ་ཉིད་ལས། དང་པོ་འཆི་མེད་གཙུག་ཕུད་ནི། སྐུ་གསུང་ཐུགས་ལྡན་ཡོན་ཏན་འཕྲིན་ལས་རྫོགས། འཆི་བ་མེད་པ་ནི་བདུད་བཞི་བྲལ། ཞེས་གསུངས་པ་ལྟར། སྐུའི་ཡོན་ཏན་མཚན་བཟང་དང་དཔེ་བྱད་བཟང་པོས་བརྒྱན་པ། གསུང་གི་ཡོན་ཏན་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཀྱི་ཡོན་ཏན་རྒྱུན་གནས་ཐུགས་རྗེ་བཞིའི་ཡེ་ཤེས་ལ་སོགས་ལྷུན་གྱིས་གྲུབ་པ་དང་ལེགས་པའི་ཆ་མཐའ་དག་ཕུན་སུམ་ཚོགས་པའི་རྣམ་མཁྱེན་ཞིག་གོ །

{{#arraymap:འཆི་མེད་གཙུག་ཕུད་

|; |@@@ | | }}