64033

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆི་མེད་གྲུབ་པའི་གསང་བ་རྡོ་རྗེ་བཟླས་པ་ (1)
Part of speech མིང་ཚིག
Definition བོད་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་ཨ་མོ་ཀ་བཛྲས་ཡི་གེར་མཛད་ཅིང་གསུངས་པའི་འཆི་མེད་གྲུབ་པའི་གསང་བ་རྡོ་རྗེ་བཟླས་པ། པེ་ཅིང་པར་མ་དང་། སྣར་ཐང་དཀར་ཆག་ཏུ་ཆོས་ཚན་ ༢༨༩༠ པ་ནས ༢༣༩༧ བར་ཨ་མོ་གྷ་བཛྲས་མཛད་པ་རང་འགྱུར་”ཞེས་མཛད་པ་པོ་དང་། སྒྱུར་བ་པོ་གཉིས་ཀ་ཨ་མོ་གྷ་བཛྲ་འཁོད། འོན་ཀྱང་གཞུང་དངོས་ལ་ཆོས་ཚན་༢༨༩༠པ་དང་༢༨༩༡ ༢༨༩༣ ༢༨༩༤ བཞི་ལ་“རྣལ་འབྱོར་གྱི་དབང་ཕྱུག་ཨ་མོ་གྷ་བཛྲས་མཛད་ཅེས་པ་དང་། ཆོས་ཚན་༢༨༩༦པ་ལ་བོད་ཡུལ་དུ་རྣལ་འབྱོར་དབང་ཕྱུག་ཨ་མོ་གྷ་བཛྲས་མཛད་དང་། ༢༨༩༢ ༢༨༩༥ ༢༨༩༧ གསུམ་ལ་“བོད་ཡུལ་དུ་རྣལ་འབྱོར་གྱི་དབང་ཕྱུག་ཨ་མོ་གྷ་བཛྲས་ཡི་གེར་མཛད་ཅིང་གསུངས་པའོ་”ཞེས་འཁོད་པ་ལས་སྒྱུར་བ་པོ་དངོས་མི་གསལ། བསྟན་འགྱུུར་རྒྱུད་ཁ་པར་བཞུགས།

{{#arraymap:འཆི་མེད་གྲུབ་པའི་གསང་བ་རྡོ་རྗེ་བཟླས་པ་

|; |@@@ | | }}