64057
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་རྒྱུད། ཐོག་མ་ཚེ་འདས་དེ། ཚེ་དང་ལས་དང་བསོད་ནམས་ཀྱི་འཕེན་པ་གསུམ་ཟད་པའམ། རྐྱེན་དབང་གིས་འཆི་བ་སྟེ་གཉིས། དེ་གཉིས་ཀ་ལའང་འབྱུང་བ་གཅིག་ཆར་དུ་ཐིམ་ལོང་མེད་པར་མེ་མཚོན་ལ་སོགས་པས་ཤི་བ་དང། འབྱུང་བ་རིམ་གྱིས་ཐིམ་པ་གཉིས་ལས། གཉིས་པ་ལ་རགས་པ་དང་ཕྲ་བའི་ཐིམ་པ་གཉིས་ལས། དང་པོ། ཐོག་མར་ས་ཆུ་ལ་ཐིམ་པས་བྱིན་པས་ལུས་མི་ཐེག མཇིང་པས་མགོ་མི་ཐེག ལག་པས་ཟས་སྣོད་མི་ཐེག ལུས་དམའ་ཐིབ་ཐིབ་ས་གསེབ་དུ་ཐིམ་སྙམ་བྱེད། ཁ་ཡིས་སློང་ཞིག་ཟེར་བ་དང། ལག་པས་གོས་གསལ་བ་སོགས་བྱེད། སྣང་བ་དུ་བ་ལྟ་བུ་ཁམ་ལོང་ངེ་བ་དང། བུན་ལོང་ངེ་བ་འབྱུང་ངོ་། །ཆུ་མེ་ལ་ཐིམ་པས་ཁ་སྣ་སྐམ། སྒྲ་མི་ཐོས། ལྕེ་གྲེ་ཕུགས་སུ་ལྡོག་པས་ལྕེ་རྩེ་མི་མཐོང་། སྐོམ་དད་སྐྱེ། ལྕེ་རག་སྐྱོགས་བཞིན་འགྲོ། ཤེས་པ་འཚུབ། ཚིག་པ་ཟ། སྨིག་རྒྱུ་(བ)་ལྟ་བུ་སྣང་བ་རབ་རིབ་གཡོ་ཞིང་ལྡོག་པ་འབྱུང། རྩ་བྷ་སན་ཏ་གྱེན་ལ་བསྐྱོད་པས་མིག་གྱེན་ལ་ལྡོག། མེ་རླུང་ལ་ཐིམ་པས་དྲོད་རླངས་པ་བུན་ནེ་ཕྱིར་ཐོན། ཤིག་ཀྱང་ཕྱིར་འགྲོ། ཟས་མི་འཇུ། དྲི་མི་ཚོར། ཁ་སྣའི་རླུང་གྲང་སིབ་ཀྱིས་འགྲོ། ཡན་ལག་བརྐྱང་བསྐུམ་བྱེད། སྣང་བ་འདི་རེས་མི་གསལ། ངོ་མི་ཤེས་སྲིན་བུ་མེ་ཁྱེར་གྱི་སྣང་བ་དམར་ཙིག་ཙིག་ཏུ་འབྱུང་ངོ་། །རླུང་རྣམ་ཤེས་ལ་ཐིམ་པས། གྲེ་བ་ངར་སྒྲ་འདོན། ཁ་སྣའི་རླུང་ནང་དུ་མི་སྡུད་ཕྱིར་འཆོར། རོའི་མྱོང་བ་མི་ཚོར། སྒྲོན་མེ་ལྟ་བུའི་དམར་ཡལ་ཡལ་འབྱུང། འཁྲུལ་སྣང་སྣ་ཚོགས་འཆར། སྡིག་པོ་ཆེ་ལ་གཤིན་རྗེའི་བང་ཆེན་གྱིས་འཇིགས་སྐྲག་གི་སྣང་བ་སྣ་ཚོགས་འཆར། རྣལ་འབྱོར་པ་ལ་དཔའ་བོ་དཔའ་མོས་བསུ་བ་འབྱོན། བླ་མ་དང་ལྷའི་སྣང་བ་འཆར། ཉམས་དག་མོ་འབྱུང་སྟེ། ཞི་བ་ལྷས། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་འགྱུར། །ཞེས་གསུངས་སོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འཆི་ཚེ་འབྱུང་བ་རགས་པའི་ཐིམ་རིམ་
|; |@@@ | | }}