64058
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕྲ་བའི་ཐིམ་རིམ་ནི། ཕྱི་དབུགས་རགས་པ་ཆད། མ་ལས་ཐོབ་པའི་རཀྟ་གྱེན་དུ་འཕོ་བས་དམར་ལམ་པ་འཆར། གཟུང་རྟོག་འགགས་པས་ཞེ་སྡང་གི་རྟོག་པ་འགག། ཕྱི་དབུགས་ཕྲ་བ་ཆད། ཕ་ལས་ཐོབ་པའི་བྱང་སེམས་ཐུར་ལ་བབས་པས་དཀར་ལམ་མེ་བ་འཆར། འཛིན་རྟོག་འགགས་པས་འདོད་ཆགས་ལས་གྱུར་པའི་རྟོག་པ་ཐམས་ཅད་འགག། དབུགས་ཆེས་ཕྲ་བ་ཡང་ཆད། གཟུང་འཛིན་གཉིས་ཀའི་རྟོག་པ་འགགས་པས་གཏི་མུག་ལས་གྱུར་པའི་རྟོག་པ་འགག། བྱང་སེམས་དཀར་དམར་སྙིང་གར་འདྲེས་པས་ནག་ལམ་ཞེས་པ་ཐོམ་པ་ཅིག་འབྱུང། རྣལ་འབྱོར་པ་ལ། ཉི་ཟླ་ཁ་སྦྱོར་གྱི་དབུས་སུ་རྣམ་ཤེས་ཡེ་ཤེས་ཀྱི་རླུང་གིས་བཟུང། གཞི་ལ་གནས་པའི་འོད་གསལ་མ་དང། བསྒོམས་པས་འཕེལ་བའི་འོད་གསལ་བུ་གཉིས་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་གྱུར་ནས་མ་བུ་ངོ་འཕྲོད་པ་ཡིན། འདི་དག་གི་སྐབས་སུ་མཆོག་དམན་གང་ཡིན་ཡང་ཕུང་པོ་བསྒུལ་བསྐྱོད་མི་བྱ་སྟེ། རྒྱུད་འགྲེལ་དང་མྱང་འདས་སོགས་ལས། ཞག་བདུན་གྱི་བར་ལ་འཇོག་པ་གསུངས། སྟོན་པས་ཀྱང། ཀུན་དགའ་བོ་ང་མྱ་ངན་ལས་འདས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་ཞག་བདུན་ཕྲག་གི་བར་དུ་ཞོག་ཅིག་ཅེས་གསུངས་སོ། །ཕལ་པ་རྣམས་ལའང། ལས་བཟང་ངན་གྱིས་མཐའ་གཅིག་ཏུ་མ་ངེས། དེ་ཡང་འཕོ་བ་ཚད་ལྡན་བྱུང་མ་བྱུང་དང་། རྣམ་ཤེས་ཐོན་པའི་རྟགས་ངེས་པར་མ་བྱུང་བར་ཕུང་པོ་བསྒུལ་བསྐྱོད་དང་སྲེག་གཏོར་བྱས་ན། གང་ཟག་མཆོག་གི་གདུང་ཡིན་ན་མཚམས་མེད་ཀྱི་ལས་དང། དམན་པའི་རོ་ཡིན་ནའང་སྲོག་གཅོད་ཀྱི་ལས་སུ་འགྱུར་པས་དེ་ལ་གཟབ་པར་བྱའོ། །དེ་དག་གི་དུས་སུ་བླ་མ་མཚན་ཉིད་དང་ལྡན་པའམ། གྲོགས་དམ་ཚིག་གཅིག་པས་མིང་ནས་བརྗོད་ཅིང་ངོ་སྤྲོད་དང། བླ་མ་དང་དཀོན་མཆོག་ལ་གསོལ་འདེབས་སངས་རྒྱས་ཀྱི་མཚན་དང་གཟུངས་སྔགས་ཟབ་མོ་བརྗོད། ཐིམ་རིམ་སོ་སོ་དང་མཐུན་པའི་བརྡ་སྤྲོད་གྱིས་ངོ་སྤྲད། འཕོ་བ་གསལ་འདེབས་སོགས་ཀྱིས་ཕན་པའི་སྐབས་སྲིད་པ་ནི་བླ་མ་གོང་མ་རྣམས་ཀྱིས་གསུངས་པས། བར་དོ་ངོ་སྤྲོད་བྱས་ཀྱང་འགལ་བ་ཡོད་པར་མི་སེམས་ཏེ་རྒྱུ་མཚན་མཚུངས་པས་སོ། །འོད་གསལ་དེའི་ངང་དུ་ཇི་འདོད་ཀྱི་བར་མཉམ་པར་བཞག་མཐར་ཟུང་འཇུག་དེའི་ངང་ལས་འཕོས་ཏེ་མཁའ་སྤྱོད་རིག་འཛིན་དུ་སྐྱེ་བའམ། ངོ་མ་ཤེས་ཤིང་སེམས་མ་ཟིན་ན། གཏི་མུག་འདོད་ཆགས་ཞེ་སྡང་གསུམ་གྱི་རྟོག་པ་རིམ་གྱིས་ལངས། ཁྱབ་བྱེད་ཀྱི་རླུང་གིས་རྐྱེན་བྱས་ཏེ་རྣམ་ཤེས་སྒོ་དགུ་པོ་གང་རུང་ནས་འཐོན་ཏེ་ཚེ་སྔ་མའི་རྟོག་པ་འགགས། ཕྱི་མའི་རྟོག་པ་མ་ཟིན་པའི་བར་དེར་བར་དོའི་ཡིད་ལུས་ལེན་ནོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འཆི་ཚེ་རྣམ་ཤེས་ཕྲ་བའི་ཐིམ་རིམ་
|; |@@@ | | }}