64070
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། མངོན་པ། མངོན་ཤེས་དྲུག་གི་ནང་གསེས་ཤིག་སྟེ། དེ་ཡང་སེམས་ཅན་གཞན་མ་འོངས་པའི་འཆི་བ་དང་སྐྱེ་བ་གང་རུང་མངོན་སུམ་དུ་ཤེས་པའི་སྒོམ་བྱུང་གི་ཤེས་རབ་ཅིག་སྟེ། སེར་སྨད་རྒྱལ་དབང་མཛོད་ལས། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་ཡུལ་ལ་འདས་པ་དང༌། འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས་ཀྱི་ཡུལ་ལ་མ་འོངས་པས་ཁྱབ་པའི་ཕྱིར་ཏེ། འགྲེལ་པ་མངོན་པའི་རྒྱན་ལས། འདས་པ་དང་མ་འོངས་པ་ཤེས་པ་ནི་རིམ་པ་ལྟར་སྔོན་གནས་རྗེས་དྲན་དང་འཆི་འཕོ་སྐྱེ་ཤེས་ཡིན་ལ་དེ་དག་ཀྱང་ཀུན་རྫོབ་ཤེས་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་དང༌། ཞེས་གསུངས། |
Domain | ཆོས་ལུགས། |
{{#arraymap:འཆི་འཕོ་སྐྱེ་ཤེས་ཀྱི་མངོན་ཤེས་
|; |@@@ | | }}