64123

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆུས་པ་དར་མ་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་མེ་བྱང་ཕྱི་ལོ་ ༡༡༡༧ ལོར་ཡབ་འཆུས་པ་གང་བོ་དང་། ཡུམ་ཁུ་མོ་སྒྲོན་ནེ་ལྕག་གཉིས་ཀྱི་སྲས་སུ་འཁྲུངས། གཞོན་དུས་ནས་རབ་ཏུ་བྱུང་། གཞུང་དང་གདམས་པ་མང་དུ་གསན། ཞི་བྱེད་ཀྱི་སྐོར་ལ་མཁས་པར་གྱུར། རྨ་སོ་གཉིས་ཀའི་གདམས་པ་རྫོགས་པར་ཞུས། སྒྲོ་ཆོས་བརྩོན་ལས་ཤེར་ཕྱིན་གྱི་གདམས་པ་རྣམས་ཞུས། ལོ་ངོ་བཅུ་གཉིས་རིང་དཀའ་ཐུབ་མཛད། སྒྲོ་རིན་པོ་ཆེས་ངའི་བརྒྱུད་པ་ཁྱོད་ཀྱིས་འཛིན་དགོས་པ་ཡིན་ནོ་གསུངས། རང་ཡུལ་དུ་བྱོན། ལོ་ངོ་བདུན་རིང་དཀའ་ཐུབ་མཛད། དགོན་པ་ཕྱག་བཏབ་ཅིང་འདུས་ཚོགས་བསྐྱངས། མཁའ་འགྲོ་མས་གདུགས་བཅུ་གསུམ་ཕུབ། དབུས་གཙང་རུ་བཞིར་བསྟན་པའི་རྩ་བ་བཙུགས། དོན་དྲུག་པ་རབ་བྱུང་གསུམ་པའི་ཆུ་བྱི་ཕྱི་ལོ་ ༡༡༩༢ ལོར་སྐུ་གཤེགས།

{{#arraymap:འཆུས་པ་དར་མ་བརྩོན་འགྲུས་

|; |@@@ | | }}