64124

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཆུས་པ་བརྩོན་འགྲུས་སེང་གེ་ (1)
Part of speech མིང་ཚིག
Definition རབ་བྱུང་གསུམ་པའི་མེ་རྟ་ཕྱི་ལོ་ ༡༡༨༦ ལོར་ཡབ་འཆུས་པ་དར་མ་བརྩོན་འགྲུས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བརྒྱད་པར་ཡིག་རྩིས་མཁྱེན། བཅུ་གསུམ་པར་སྐུ་ཡོན་རྫོགས་ཏེ་གྲ་དོལ་གསུམ་ཚོགས་པའི་དབུས་སུ་ཁྲོམ་ཐོག་ཆོད། བཅོ་ལྔ་པར་རྣལ་འབྱོར་སེང་གེ་ལས་དབུ་མ་རིགས་ཚོགས་གསན། བཅུ་བདུན་པར་སློབ་དཔོན་ཞང་སྟོན་དཀོན་མཆོག་ལས་སྒྲའི་བསྟན་བཅོས་མང་དུ་བསླབས། ཉི་ཤུ་པར་མཁས་པ་ཇོ་པད་ལས་མདོ་སྒྱུ་འཕྲུལ་སེམས་ཕྱོགས་གསུམ་ལ་ལོ་གཉིས་རིང་མཁས་པར་སྦྱངས། གཙང་ཕྱོགས་རྣམས་སུ་གྲྭ་སྐོར་གནང། མཁས་པ་མང་པོ་རྩོད་པས་ཕམ་པས་སྨྲ་བའི་སེང་གེ་ཞེས་གསོལ། ཉེར་གཉིས་པར་སྙེ་མདོ་དགོན་པའི་གདན་སར་བྱོན། དགེ་འདུན་མང་པོའི་ཚོགས་པ་བསྐྱངས། སོ་གཅིག་པར་ལམ་ལྔའི་ཁྲིད་མཛད། བླ་མ་གོང་མ་བཞིན་་དག་སྣང་ཤར། སོ་གསུམ་པར་མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་འཇམ་དབྱངས་ལྷ་བདུན་གྱི་ཞལ་གཟིགས། བཞི་བཅུ་པར་སྙེ་མདོར་འདག་འབྱར་མཛད་པས་རྟ་མགྲིན་གྱིས་ཞལ་གཟིགས། ཞེ་བཞི་པར་ཐམས་ཅད་མཁྱེན་པའི་ཚེ་འདོན་གྱི་ཆོས་འཁོར་བཙུགས། ང་བརྒྱད་པར་འབྲི་གུང་དུ་སྤྱན་སྔ་རིན་པོ་ཆེ་དང་མཇལ། གདམས་ངག་རྣམས་ཞུས། རེ་གཉིས་པ་རབ་བྱུང་བཞི་པའི་མེ་ལུག་ཕྱི་ལོ་ ༡༢༤༧ ལོར་སྐུ་གཤེགས། ཞི་བྱེད་བརྒྱུད་པ་ཕྱི་མའི་སྐབས་ཀྱི་གདམས་རྒྱུན་འཛིན་མཁན་ཡིན།
Synonyms བརྩོན་འགྲུས་སེང་གེ། མཁས་པ་སྨྲ་བའི་སེང་གེ། སྙེ་མདོ་སྨྲ་བའི་སེང་གེ།

{{#arraymap:འཆུས་པ་བརྩོན་འགྲུས་སེང་གེ་

|; |@@@ | | }}