64146
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | མདོ། འདུལ་བ། གླེང་གཞི་ནི། སྦོམ་དགའ་མོས་འདོམས་ཀྱི་སྤུའི་ལས་བྱས་པ་ནི། སྤུ་སྒྲེལ་བ་ཡིན་པར་ཤ་མི་ཡར་སྟོད་པ་གསུང་ཡང་། ལུང་རྣམ་འབྱེད་ལས་སྤུའི་ལས་བྱེད་པ་ཞེས་བྱ་བ་ནི་རྨོངས་འདྲེག་ནས་སོ་ཞེས་གསུངས་སོ། །དེ་བུད་མེད་རྣམས་ལ་བསྟན་ཏེ། ཏིལ་འབྲུས་ཁྲ་བོར་བྱས་པ་སྤེན་རྩེ་ལྟར་འདུག་པ་ལ་བལྟོས། ཞེས་སྨྲས་པ་དང་། འདི་ནི་རབ་ཏུ་བྱུང་བ་དང་འཚམ་པ་མ་ལགས་སོ་ཞེས་སྨོད་པར་བྱེད་པ་ལས་སོ། །དགག་བྱ་ནི་ཆགས་པ་འཕེལ་བའོ། །དགེ་སློང་མས་རང་གི་མོ་མཚན་དེ་ལས་སྤུ་འཐོག་པར་བྱེད་དམ་བྱེད་དུ་འཇུག་པ་ལའོ། །ཕལ་ཆེར་བཏོགས་པར་ལྟུང་བྱེད་དུ་འགྱུར་རོ་ཞེས་སོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །མོ་དབང་དེ་ལས་སྤུ་འཐོག་ཅིང་འདྲེག་པ་རང་གིས་བྱེད་དམ་གཞན་བྱེད་དུ་འཇུག་པ་ནི། བསྟེན་པར་བྱ་བ་འཆོས་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། ། |
Domain | ཆོས་ལུགས། |
{{#arraymap:འཆོས་པའི་ལྟུང་བྱེད་
|; |@@@ | | }}