64166
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | འཇང་གནས་མཆོག་དཔལ་རི་ཐེག་མཆོག་གླིང་ནི། རྒྱལ་བ་ཀཿཐོག་པའི་བསྟན་པའི་མངའ་བདག་རྨོག་སྤྲུལ་རིན་པོ་ཆེའི་བཀའ་གནང་བ་ལྟར། ཕྱི་ལོ་ ༡༩༩༨ ལོར་བླ་མ་དཔལ་ལྡན། བླ་མ་ནོར་བུ་རྒྱ་མཚོ། སངས་རྒྱས་ཚེ་རིང་། ཐུབ་བསྟན་རྒྱ་མཚོ། འབྱོར་ལྡན། རབ་བརྟན། ཀརྨ་འགྱུར་མེད་སོགས་ཀུན་གྱིས་གཙུག་ལག་ཁང་ནང་རྟེན་དང་བཅས་བཞེངས། ད་ལྟ་མཁན་ཆོས་དཔལ་རྒྱལ་མཚོས་ཀཿཐོག་པའི་ཕྱག་སྲོལ་མ་ཉམས་པར་གནང་བཞིན་ཡོད། |