64167

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇང་ཐོག་ལྷ་དགོན་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་གསུམ་པའི་མེ་ཕག་ལོར་གསུང་རབ་དོན་རྟོགས་རྒྱ་མཚོས་བཏབ། བླ་མ་ཆོས་གྲགས་དང་། ཀུན་མཁྱེན་ངག་གི་དབང་པོའི་སློབ་མ་མཁན་ཚུལ་ཁྲིམས་བཟང་པོ་སོགས་ཀྱིས་བསྐྱངས། དེ་ནས་རབ་བྱུང་ ༡༥ ཤིང་བྱི་ལོར་ཀུན་མཁྱེན་སི་ཏུ་རིན་པོ་ཆེ་འདིར་བྱོན་ནས་བཀའ་དགོངས་ཕུར་གསུམ་གྱི་ཡ་གྱལ་ཕུར་པའི་སྒྲུབ་པ་མཛད། ངག་དགའ་དང་མཁན་ལེགས་འབྱོར་གཉིས་ཀྱི་སློབ་མ། སྒྲུབ་པ་ཤེས་རབ་ཆོས་འཕེལ་དང་ཀརྨ་སྐུ་ཕྲེང་བཅོ་ལྔའི་དངོས་སློབ་མཁས་གྲུབ་གཉིས་ལྡན་བླ་མ་ཀརྨ་འོད་ཟེར། དེ་ནས་ཀུན་མཁྱེན་ངག་དགའི་སློབ་མ་བླ་མ་ཚུལ་ཁྲིམས་རྒྱ་མཚོ་དང་། བླ་མ་ཚུལ་ཁྲིམས་མཐར་ཕྱིན། དགེ་ལེགས་ཡོན་ཏན་རྒྱ་མཚོ་སོགས་ཀྱིས་སྔ་འགྱུར་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་གསུམ་གནང་། ཕྱི་ལོ་ ༢༠༠༣ ལོར་སྤྲུལ་བློ་གྲོས་དཔལ་ལྡན་གྱི་ཐུགས་བསྐྱེད་བླ་ན་མེད་པའི་སྟོབས་ཀྱིས། གཙུག་ལག་ཁང་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་། མཁན་འཇམ་དཔལ་རྒྱ་མཚོ་སོགས་ཀྱིས་འཆད་ཁྲིད་གནང་བཞིན་ཡོད།

{{#arraymap:འཇང་ཐོག་ལྷ་དགོན་

|; |@@@ | | }}