6417
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | ཕྱི་ལོའི་དུས་རབས་བརྒྱད་པའི་སྨད་དུ་མདོ་ཁམས་བྱང་ཕྱོགས་སུ་ཡབ་ཆོས་རྒྱལ་དགེ་བ་འཛིན་གྱི་སྲས་སུ་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ ༧༤༢། ༧༩༦ གྱིས་ཕོ་ཉ་མངགས་ཏེ། མདོ་ཁམས་ནས་དབུས་སུ་འགུགས་པར་མཛད། གསེར་གྱི་པ་ཏྲ་མང་པོ་བསྐུར། གྲོགས་འགའ་དང་ལྷན་རྒྱ་གར་དུ་རིག་གནས་སློབ་གཉེར་དང་། པཎ་གྲུབ་གནད་འདྲེན་པར་མངགས། ལོ་མང་རིང་རྒྱ་གར་བཞུགས། ལེགས་སྦྱར་རིག་གནས་ཕལ་ཆེར་སྦྱངས། མཁས་པར་གྱུར་ནས་བོད་ཡུལ་དུ་བྱོན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཐུགས་མཉེས། བླ་མཆོད་དང་བླ་སྨན་ཟུང་དུ་དབང་བསྐུར། གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་གསོ་རིག་དགོས་འདོད་ཀུན་འབྱུང་ལས་རྩ་ཚིག་སྒོས་བཅོས་མཁས་པ་གཉའ་ཡི་ལུགས། ཞེས་གསུངས། བོད་སྨན་ལ་མཁས་པ་མི་དགུའི་གཙུག་རྒྱན་ལྟ་བུ་ཡིན། གསུང་རྩོམ་ནི་མགོ་རོ་ཁྲག་གཅོད་ཅེས་བཞུགས། |
{{#arraymap:གཉའ་བ་ཆོས་ཀྱི་བཟང་པོ་
|; |@@@ | | }}