64175
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དགུ་པའི་མེ་རྟ་ཕྱི་ལོ ༡༥༤༦ ལོར་འཇང་ཞབས་སུ་འཁྲུངས། གཞོན་དུས་ནས་ཡུལ་དབུས་སུ་ཕེབས། འབྲས་བློ་གླིང་གྲྭ་ཚང་དུ་གཞུང་ཆེན་ཀུན་ལ་ཐུགས་བརྩོན་མཛད། ངམ་རིང་དུ་རབ་འབྱམས་པའི་གྲྭ་སྐོར་མཛད། བློ་གསལ་གླིང་གི་འཆད་ཉན་པ་ཡུན་རིང་གནང། དགའ་ལྡན་ཤར་རྩེའི་བླ་མར་གྱུར་པས་ཤར་པ་དམ་ཆོས་དཔལ་བར་གྲགས། དོན་གསུམ་པ་རབ་བྱུང་བཅུ་པའི་ས་རྟ་ཕྱི་ལོ ༡༦༡༨ ལོར་དགའ་ལྡན་གསེར་ཁྲིར་བྱོན། གསེར་ཁྲི་ལོ་ངོ་གསུམ་རིང་དུ་བསྐྱངས། མདོ་སྔགས་ཆོས་ཀྱི་འཆད་ཉན་གོང་དུ་འཕེལ་གནང། དོན་ལྔ་པ་རབ་བྱུང་བཅུ་པའི་ལྕགས་སྤྲེལ་ ༡༦༢༠ ལོར་སྐུ་གཤེགས། ཅོ་ནེ་ཆོས་རྗེ་དགེ་འདུན་དར་རྒྱས་ལགས་ཀྱིས་དངུལ་གདུང་བཞེངས། དགའ་ལྡན་གསེར་ཁྲིའི་ཁྲི་རབས་སོ་གཅིག་པ་ཡིན། |
{{#arraymap:འཇང་ཞབས་དམ་ཆོས་དཔལ་བ་
|; |@@@ | | }}