64179
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་བཅོ་ལྔ་པའི་ནང་ཚན་ཆུ་ཁྱི་ལོར། ཀུན་མཁྱེན་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོའི་ཐུགས་བསྐྱེད་ལྟར། དེའི་སློབ་མ་སྤང་སྒང་བླ་མ་ཤེས་རབ་ཆོས་འཕེལ་གྱིས་བཏབ། བླ་མ་བསོད་ནམས་རྡོ་རྗེ། ཀུན་དགའ་རྒྱ་མཚོ། འཇམ་དབྱངས་བློ་གྲོས། མདོ་སྡེ་བསྟན་འཛིན། ཆོས་དངོས་ཤེས་རབ། འགྱུར་མེད་རྡོ་རྗེ་ཡན་བླ་རབས་དེ་རྣམས་ཀྱིས་རྒྱལ་བ་ཀཿཐོག་པའི་ཆོས་བརྒྱུད་དར་ཞིང་རྒྱས་པར་མཛད། སླར་གསོའི་སྐབས་ཀུན་མཁྱེན་ངག་དབང་དཔལ་བཟང་པོའི་དངོས་སློབ་ཕྲེང་ཐག་བཅུ་གསུམ་ནང་དུ་གཏོགས་པའི་བླ་མ་འགྱུར་མེད་རྡོ་རྗེས་དགོན་པ་གསར་བཞེངས་གནང་། སྤྲུལ་པདྨ་ཀུན་བཟང་། སྤྲུལ་པདྨ་རྒྱལ་མཚན་གཉིས་དང་བླ་གྲྭ་དྲུག་ཅུ་བཞུགས་ཡོད། |
{{#arraymap:འཇང་སྤང་སྒང་དགོན་
|; |@@@ | | }}