64227
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | དུས་རབས་བཅུ་གསུམ་པའི་སྨད་དུ་འཁྲུངས། དགུང་ལོ་ཆུང་དུས་ནས་ཆོས་སྒོར་ཞུགས། རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་རིམ་གྱིས་མནོས། འདུལ་བའི་ཆོས་གཞུང་སོགས་ལ་ལེགས་པར་སྦྱངས། ལེགས་སྦྱར་གྱི་སྐད་ཡིག་ལ་ཕུལ་དུ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་རྒྱུད་ཀྱི་དོན་ལ་འཇུག་པ་འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་གསུངས་པའི་ཡེ་ཤེས་སེམས་དཔའ་མཉེས་པར་བྱ་བའི་ཆོ་ག་བསྡུས་པ་དང་། དཔལ་ཕྱག་ན་རྡོ་རྗེའི་སྒྲུབ་ཐབས་ཞེས་བྱ་བ་བཞུགས། |
{{#arraymap:འཇམ་དཔལ་གོ་ཆ་
|; |@@@ | | }}