64254

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དཔལ་གྲགས་པ་ (1)
Part of speech མིང་ཚིག
Definition བྱང་ཤམྦྷ་ལའི་རིགས་ལྡན་རྒྱལ་པོ་ཉི་ཤུ་རྩ་ལྔའི་ཐོག་མ་ཡིན་ལ། འདི་ཉིད་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པར་གྲགས། དྲང་སྲོང་ཉི་མའི་ཤིང་རྟ་ལ་སོགས་པའི་ཚངས་པའི་དྲང་སྲོང་རྡོ་རྗེའི་རིགས་གཅིག་ཏུ་མཛད་ནས་དབང་བསྐུར་བས་དེ་ལ་རིགས་ལྡན་ཞེས་པའི་མཚན་གསོལ་ལོ། །

{{#arraymap:འཇམ་དཔལ་གྲགས་པ་

|; |@@@ | | }}

འཇམ་དཔལ་གྲགས་པ་ (2)
Part of speech མིང་ཚིག
Definition སློབ་དཔོན་སངས་རྒྱས་གསང་བའི་དངོས་སློབ་ཞིག ཕྱོགས་བཅུའི་མུན་སེལ་དུ། སྔོན་མཚོ་མ་ཕམ་གྱི་འགྲམ་དུ་མཚོ་ལ་ཐིག་བཏབ་ནས་འཇམ་དཔལ་གྲགས་པ་ལ་སློབ་དཔོན་སངས་རྒྱས་གསང་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དངོས་སུ་བསྟན་ནས་དབང་བསྐུར་བ། ཞེས་གསུངས་པ་ལྟར། ཕྱི་ལོའི་དུས་རབས་བརྒྱད་པའི་དཀྱིལ་དུ་བྱོན་པའི་རྒྱ་གར་གྱི་ཨཱ་ཙཱརྻ་བུདྡྷ་གུ་ཧྱའམ་སློབ་དཔོན་སངས་རྒྱས་གསང་བའི་དངོས་སློབ་ཅིག་ཡིན་པར་སྣང་། མཚན་དངོས་མཉྫུ་ཤྲཱི་ཀཱིརྟིའམ་འཇམ་དཔལ་གྲགས།

{{#arraymap:འཇམ་དཔལ་གྲགས་པ་

|; |@@@ | | }}