64268

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དཔལ་མཁས་བཙུན་ (1)
Part of speech མིང་ཚིག
Definition རྒྱུད་སྟོད་མཁན་ཐོག་ ༡༢༠ པ་བློ་བཟང་རྡོ་རྗེའམ། འཇམ་དཔལ་མཁས་བཙུན་ནི། ༡༩༣༧ ལོར་སྨར་ཁམས་ཚྭ་ཁ་ལྷོ་བྱང་དམར་གཙང་རིང་ནང་པའི་ཁྱིམ་དུ་ཡབ་མགོན་པོ་ཚེ་འཕེལ་དང་། ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་གྲངས ༧ ཙམ་ནས་ཡབ་དམ་པའི་དྲུང་ནས་ཡི་གེ་འབྲི་ཀློག་སོགས་སྦྱངས་པས་ཚེགས་མེད་པར་བདེ་བླག་ཏུ་མཁྱེན། ༡༩༥༤ ལོར་འབྲས་བློ་གླིང་གྲྭ་ཚང་དུ་བཞུགས་ཏེ་རྒྱས་པ་མཁན་ཟུར་རིན་པོ་ཆེ་དྲུང་ནས་རབ་ཏུ་བྱུང་། ཤར་ཆོས་ཏཱ་ར་རིན་པོ་ཆེ་མཆོག་དང་། བློ་གླིང་མཁན་ཟུར་རིན་པོ་ཆེ་ཡེ་ཤེས་ཐུབ་བསྟན་སོགས་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་ཁག་གསན་སྦྱངས་མཛད། དེ་ནས་རྒྱ་གར་དུ་བྲོས་བྱོལ་གྱིས་སྦག་ས་རུ་བློ་གླིང་མཁན་ཟུར་རིན་པོ་ཆེ་པདྨ་རྒྱལ་མཚན་དང་། རྒྱལ་རོང་མཁན་ཟུར་རིན་པོ་ཆེ། ཤག་སྐོར་མཁན་ཆེན་ཉི་མ་རྒྱལ་མཚན་སོགས་བཤེས་གཉེན་དུ་མའི་དྲུང་ནས་མུ་མཐུད་གཞུང་ཆེན་གསན་སྦྱོངས་ཚུལ་བཞིན་མཛད། དགའ་ཁྲི་གླིང་སྐུ་གོང་མའི་དྲུང་ནས་ཚིགས་ཕྱི་མའི་དགེ་སློང་གི་སྡོམ་པ་ཞུས་ཤིང་། ༡༩༨༠ ལོར་དགེ་ལུགས་རྒྱུགས་སྤྲོད་དུ་བཞུགས་ཏེ་འཛིན་གྲྭ་སོ་སོར་ཨང་རིམ་དང་པོའི་ཕྱག་ཁྱེར་བཞེས། གོང་ས་མཆོག་དང་སྐྱབས་རྗེ་རྣམ་གཉིས་ཀྱིས་གཙོས་རིས་མེད་བླ་སྤྲུལ་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ཆོས་ཚུལ་མཐའ་ཡས་པའི་དབང་ལུང་མན་ངག་མ་ཚང་མེད་པར་གསན། ༡༩༨༥ ལྷ་རམས་དམ་འཇོག་དང་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་གདིང་བསྐྱོན་ཏེ་རིམ་གྱི་དགེ་བསྐོས་ལས་འཁུར་གྱི་སྒྲིག་ལམ་སོགས་ལེགས་སྒྲུབ་བསྐྱངས། ༡༩༩༦ ལོར་བླ་དབུར་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩོལ་བཞིན་སྔར་སྲོལ་རྒྱུད་ཆེན་གོང་མའི་བཞེད་དགོངས་རྣམས་ལེགས་པར་བསྐྱངས། ༡༩༩༩ དགུང་གྲངས་ ༦༣ ཕེབས་པ་མཁན་པོའི་ཕྱག་རྟགས་སྤྱི་སྩོལ་བཞིན་རྒྱུད་ཀྱི་འཆད་ཉན་གྱིས་མཚོན་པའི་བསྐྱེད་རྫོགས་སོགས་ཀྱི་དཔེ་ཁྲིད་གནང་བཞིན་གསེར་རིའི་དབུས་ན་ལྷུན་པོ་ལྟར་མངོན་པར་འཕགས་བཞིན་བཞུགས།

{{#arraymap:འཇམ་དཔལ་མཁས་བཙུན་

|; |@@@ | | }}