64314
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། འཇམ་དཔལ་སྐུ་འཁོར་ལོ་རྣམ་པ་བཞི་ནི། གནས་པའི་འཁོར་ལོ་ལྟ་བ། སྲིད་པའི་འཁོར་ལོ་གཅོད་པ། སྤྲུལ་པའི་འཁོར་ལོ་ཆོ་འཕྲུལ། གཅོད་པའི་འཁོར་ལོ་ཕྲིན་ལས་བཅས་བཞི་སྟེ། བཀའ་བརྒྱད་རྣམ་བཤད་ལས། འཇམ་དཔལ་སྐུའི་སྒྲུབ་པ་ཐམས་ཅད་འཁོར་ལོ་རྣམ་པ་བཞིའི་དགོངས་པར་འདུས་པའི་ཚུལ་བསྟན་པ་གང་ཞེ་ན། གནས་པའི་འཁོར་ལོ་ལྟ་བར་བཤད་པ། སྲིད་པའི་འཁོར་ལོ་གཅོད་པར་བཤད་པ། སྤྲུལ་པའི་འཁོར་ལོ་ཆོ་འཕྲུལ་དུ་བཤད་པ། གཅོད་པའི་འཁོར་ལོ་ཕྲིན་ལས་སུ་བཤད་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |