64324
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་ལྔ་པའི་ཤིང་སྟག་ཕྱི་ལོ་ ༡༣༡༤ ལོར་འཁྲུངས། བཤེས་གཉེན་མང་པོ་བསྟེན། མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། བཅུ་གསུམ་པར་སེང་གེ་རྒྱལ་པོ་ལས་དུས་འཁོར་དབང་ཆེན་དང་། རྫོགས་ཆེན་གྱི་ཆོས་སྐོར། ཨ་ཏི་ཡོ་ག མ་ཧཱ་མཱ་ཡཱ། བདེ་མཆོག་སྙན་བརྒྱུད། བཀའ་གདམས་ལམ་རིམ། རིམ་ལྔའི་ཁྲིད། མཚན་བརྗོད་ཀྱི་ཕྱག་ལེན་དང་བཅས་པ། བཀའ་བརྒྱུད་གོང་མ་རྣམས་ཀྱི་སྙན་བརྒྱུད། ནཱ་རོ་ཆོས་དྲུག ཟབ་མོ་བླ་མའི་རྗེས་གནང་བཅས་ཞུས། སྒོམ་སྒྲུབ་ཉམས་ལེན་མཛད། བཅུ་གསུམ་པ་རབ་བྱུང་ལྔ་པའི་མེ་སྟག་ཕྱི་ལོ་ ༡༣༢༦ ལོར་ར་ལུང་དགོན་པའི་གདན་སར་ཕེབས། འདུས་པའི་ཚོགས་པ་བསྐྱངས། གདན་སར་ལོ་ངོ་ཉེར་གཅིག་རིང་བཞུགས། དགོན་པའི་འཆད་ཉན་དང་སྒོམ་སྒྲུབ་བཅས་དར་རྒྱས་གནང་། སོ་བཞི་པ་རབ་བྱུང་དྲུག་པའི་མེ་ཕག་ཕྱི་ལོ་ ༡༣༤༧ ལོར་སྐུ་གཤེགས། ར་ལུང་དགོན་པའི་གདན་རབས་བདུན་པ་ཡིན། |
| Synonyms | འབྲུག་པ་ཀུན་དགའ་སེང་གེ ། |