64343

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་དོན་ཡོད་དཔལ་ལྡན་ (1)
Part of speech མིང་ཚིག
Definition རབ་བྱུང་བདུན་པའི་ཤིང་གླང་ཕྱི་ལོ་ ༡༤༤༥ ལོར་ཉང་སྟོད་དུ་འཁྲུངས། ཆུང་ངུའི་དུས་ནས་དཔལ་འཁོར་བདེ་ཆེན་དུ་རབ་ཏུ་བྱུང། སློབ་དཔོན་བཟོད་དཔལ་བ་སོགས་ལས་མདོ་སྔགས་གཞུང་ལུགས་ཀུན་ལ་མཁས་པར་སྦྱངས། བྱང་སེམས་འདུལ་དཀར་བ་སོགས་ལས་བསྙེན་རྫོགས་བསྒྲུབས། དབུས་སུ་ཀྱི་རིན་ཆེན་བྲག་ཏུ་ཉན་ཤཱཀ་པ་ལས་གསང་སྔགས་ཀྱི་དབང་ལུང་མན་ངག་གསན། སེ་ར་ཐེག་ཆེན་གླིང་དུ་ཞུགས། གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ་ལས་བདེ་གསང་འཇིགས་གསུམ་སོགས་ཀྱི་ཆོས་སྐོར་གསན། ཞེ་གཅིག་པར་སེར་བྱེས་གྲྭ་ཚང་གི་འཆད་ཉན་པ་མཛད། དོན་གཉིས་པ་རབ་བྱུང་དགུ་པའི་མེ་བྱི་ཕྱི་ལོ་ ༡༥༡༦ ལོར་སེ་ར་ཐེག་ཆེན་གླིང་གི་གདན་ཁྲིར་བཞུགས། གདན་ས་ལོ་ངོ་དགུའི་རིང་བསྐྱངས། ཆོས་འཆད་ཉན་དང་། འགྲིག་ལམ་དང་། ཀུན་སྤྱོད་བཅས་ཡར་ལྡན་དུ་མཛད། བརྒྱད་ཅུ་པ་རབ་བྱུང་དགུ་པའི་ཤིང་སྤྲེལ་ཕྱི་ལོ་ ༡༥༢༤ ལོའི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་སྐུ་གཤེགས། སེ་ར་ཐེག་ཆེན་གླིང་གི་གདན་སའི་མཁན་རབས་བཅུ་པ་ཡིན།
Synonyms སེ་ར་དོན་ཡོད་དཔལ་ལྡན།