64350

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་བསམ་འགྲུབ་རྡོ་རྗེ་ (1)
Part of speech མིང་ཚིག
Definition རབ་བྱུང་ལྔ་པའི་ཤིང་ལུག་ཕྱི་ལོ་ ༡༢༩༥ ལོར་རྟ་ནག་གནས་གསར་དུ་རྙིང་མའི་སྐུ་ཡོན་ཏན་ཅན་རིམ་པར་བྱོན་པའི་སྲས་སུ་འཁྲུངས། ཟུར་བྱམས་པ་སེང་གེ་ལས་ཐུགས་བརྩོན་མཛད། ལྷག་ཏུ་སྒྱུ་འཕྲུལ་གྱི་སྐོར་ལ་ཤིན་ཏུ་མཁས། གླན་ཉ་ཚལ་བ་བསོད་ནམས་མགོན་པོ་ལས་སྒྱུ་འཕྲུལ་གྱི་དབང་རྣམས་ལེགས་པར་གསན། བྱེ་མ་སེང་གེར་ཕེབས། རྫོགས་ཆེན་སྙིང་ཐིག་ལ་རྩེ་གཅིག་པའི་ཐུགས་དམ་མཛད་པས་ཐུགས་དམ་མཐོ་བར་མངའ་བརྙེས། དབེན་པའི་ཟུར་ཤཱཀྱ་འབྱུང་གནས་ཞེས་པ་ཤིན་ཏུ་མཁས་གྲུབ་ཏུ་གྲགས་པ་དེ་དང་། འུག་པ་ལུང་པའི་བླ་མ་སེང་གེ་བ་གཉིས་ཆུང་ཆུང་ནས་དྲུང་དུ་བཞག་ནས་ལེགས་པར་བསྐྱངས། ཕྱིས་ཟུར་པའི་བརྒྱུད་པ་ལ་ཤིན་ཏུ་བཀའ་དྲིན་ཆེ། གྱ་གཉིས་པ་རབ་བྱུང་དྲུག་པའི་མེ་འབྲུག་ཕྱི་ལོ་ ༡༣༧༦ ལོར་སྐུ་གཤེགས། སྒྱུ་འཕྲུལ་གཙོ་བོར་མཛད་པའི་གསང་སྔགས་རྙིང་མའི་སློབ་དཔོན་ཆེན་པོ་ཞིག་ཡིན།