64353
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྗེ་དབལ་མང་པཎྜི་ཏ་དཀོན་མཆོག་རྒྱལ་མཚན་ཏེ། རབ་བྱུང་བཅུ་གསུམ་པའི་ཤིང་སྤྲེལ་ཕྱི་ལོ་༡༧༦༤ ལོར་བསང་གཞུང་དུ་འཁྲུངས། དགུང་ལོ་དྲུག་པར་རབ་ཏུ་བྱུང་། ཆུ་ཡོས་ལོར་ཀུན་མཁྱེན་འཇིགས་མེད་དབང་པོ་མཆོག་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཞེ་གཅིག་པ་ཤིང་བྱི་ལོར་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཚོགས་ཆེན་ཁྲིར་བཀོད་ཅིང་དུས་མཚུངས་སུ་ཤིས་ཚང་དགོན་བདེ་ཆེན་གླིང་དང་། རུ་སྟོད་མའི་དགོན་བསྟན་འཕེལ་གླིང་ཡང་འཛིན་སྐྱོང་མཛད། རབ་བྱུང་བཅུ་བཞི་པའི་ས་སྦྲུལ་ལོར་དགོན་གསར་རབ་རྒྱས་གླིང་གི་ཁྲིར་ཡང་བསྐྱར་བཞུགས། སྔ་ཕྱིར་ལོ་ངོ་དགུ་དང་། བསྟན་འཕེལ་གླིང་གི་ཁྲི་ཁུར་ལོ་ཉེར་ལྔའི་བར་བཞེས་ཏེ་སོ་སོར་མདོ་སྔགས་ཀྱི་འཆད་ཉན། འགྲིག་ལམ་དག་ཐེར་དང་བཅོས་བསྒྱུར་ཡང་ཡང་མཛད་པས་བཤད་སྒྲུབ་ཀྱི་བསྟན་པ་ལ་བཀའ་དྲིན་མཆོག་ཏུ་ཆེ། དགུང་ལོ་དགུ་བཅུ་པ་ཆུ་གླང་ཕྱི་ལོ་ ༡༨༥༦ ལོར་སྐུ་གཤེགས། |