64357

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལ་བསྟོད་པ་ (1)
Part of speech མིང་ཚིག
Definition མཚན་རྒྱས་པར། འཁོར་ལོའི་དབང་ཕྱུག་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་བསྔགས་པ་དྲང་གཏམ་བདེན་ཚིག་རྡོ་རྗེའི་རོལ་མོ་ཞེས་གསལ། ཀུན་མཁྱེན་མི་ཕམ་རྒྱ་མཚོས་མེ་གླང་ཕྱི་ལོ་༡༨༧༧ ལོའི་བོད་ཟླ་བདུན་པའི་ཚེས་ ༢༨ ལ་མཛད་པ་ཞིག་སྟེ། ཁོང་གི་རྩ་བའི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོའམ་པདྨ་འོད་གསལ་མདོ་སྔགས་གླིང་བའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་དང་། སྐྱེས་བུ་དམ་པ་དེའི་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་པ་སོགས་ལ་བསྟོད་བསྔགས་དང་གསོལ་འདེབས་ཚིགས་སུ་བཅད་པ་ཞིག།