64358

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (1)
Part of speech མིང་ཚིག
Definition རབ་བྱུང་བཅུ་བཞི་པའི་ལྕགས་འབྲུག་ཕྱི་ལོ་ ༡༨༢༠ ལོར་ཁམས་སྡེ་དགེ་གཏེར་ཀླུང་དིལ་མགོའི་གྲོང་གི་ཉེ་འདབས་སུ་ཡབ་རིན་ཆེན་རྣམ་རྒྱལ་དང་། ཡུམ་བསོད་ནམས་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བཞི་བར་ཡི་གེའི་འདོན་ཀློག་གསན། བཅུ་གཉིས་པར་ཐར་རྩེ་མཁན་ཆེན་བྱམས་པ་ཀུན་དགའ་བསྟན་འཛིན་གྱིས་སྐུ་གོང་མའི་ཡང་སྲིད་དུ་ངོས་བཟུང་། མཚན་ལ་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་གསོལ། ཉེར་གཅིག་པར་སྨིན་གླིང་མཁན་ཆེན་རིག་འཛིན་བཟང་པོ་ལས་བསྙེན་པར་རྫོགས། བོད་ཁམས་ཀྱི་ས་དགེ་བཀའ་རྙིང་གི་བླ་མ་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན། ཐུན་མོང་གི་རིག་གནས་དང་། ཐུན་མོང་མིན་བཀའ་པོད་ལྔ། བདེ་དགྱེས་གསང་གསུམ། དུས་འཁོར། གསང་སྙིང། རྫོགས་པ་ཆེན་པོ་སོགས་ལ་མཁས་པར་སྦྱངས། བཀའ་བབ་བདུན་ལྡན་གྱི་བདག་པོར་གྱུར་ནས་ཉམས་རྟོགས་ཀྱི་ཡོན་ཏན་འཕེལ། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་ཀྱི་སྣང་བརྙན་ཉིས་སྟོང་སོགས་རྟེན་གསུམ་བསྐྲུན། དེ་དག་བཞུགས་གནས་ལྷ་ཁང་ཆེ་ཆུང་བཅུ་གསུམ་ཙམ་བཞེངས། རབ་བྱུང་བཅོ་ལྔ་པའི་ཆུ་འབྲུག་ཕྱི་ལོ་ ༡༨༩༢ ལོར་སྐུ་གཤེགས། སློབ་མ་གཙོ་བོ་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། རྡོ་གྲུབ་ཆེན་འཇིགས་མེད་བསྟན་པའི་ཉི་མ། ས་སྐྱའི་ཁྲི་ཆེན་བཀྲ་ཤིས་རིན་ཆེན། ཀརྨ་ཐེག་མཆོག་རྡོ་རྗེ། ཀརྨ་མཁའ་ཁྱབ་རྡོ་རྗེ། བྲག་གཡབ་ནོ་མིན་ཧན་བཅས་ཡིན། གསུང་རྩོམ་ནི་བསྟོད་ཚོགས་གསོལ་འདེབས་སྲས་བཅས་རྒྱལ་བ་དགྱེས་པའི་རོལ་མོ་དང་། གཏམ་ཚོགས་རིག་གཞུང་རྒྱ་མཚོར་འཇུག་པའི་གྲུ་རྫིང་། ནང་དོན་རིག་པ་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། མདོ་སྔགས་ཀྱི་དོན་གསལ་བར་སྟོན་པ་ལེགས་བཤད་ཉི་ཟླའི་དཀྱིལ་འཁོར། ལྷག་པའི་ལྷ་རབ་འབྱམས་ཀྱི་སྒྲུབ་ཐབས་ཆོག་ཁྲིགས་རྡོ་རྗེ་སེམས་དཔའི་དཔལ་འཛིན། རིག་གནས་ཆེ་ཆུང་གི་གསལ་བྱེད་དབྱངས་ཅན་དགྱེས་པའི་རོལ་མཚོ། ལོ་རྒྱུས་རྣམ་ཐར་གདན་རབས་ངོ་མཚར་ཀུན་དགའི་སྐྱེད་ཚལ། ཉེར་མཁོ་སྣ་ཚོགས་འདོད་འབྱུང་བསམ་འཕེལ་དབང་རྒྱལ། ཟབ་དོན་རྡོ་རྗེའི་གླུའི་སྐོར་རང་བྱུང་འོད་གསལ་རྡོ་རྗེའི་གསང་མཛོད་བཅས་པོ་ཏི་བཅུ་གསུམ་ཙམ་བཞུགས།

{{#arraymap:འཇམ་དབྱངས་མཁྱེན་བརྩེའི་དབང་པོ་

|; |@@@ | | }}