64360
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རབ་བྱུང་བཅུ་པའི་ས་བྱི་ཕྱི་ལོ་ ༡༥༨༨ ལོར་ས་སྐྱར་ཡབ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དང་། ཡུམ་བསོད་ནམས་རྒྱལ་མོ་གཉིས་ཀྱི་སྲས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་སྦྱོར་ཀློག་སོགས་མཁས་པར་སྦྱངས། རྗེ་བཙུན་འཇམ་དབྱངས་སྐུ་མཆེད་དང་། ཐར་རྩེ་ནམ་མཁའ་དཔལ་བཟང་། ཡབ་ཆེན་གྲགས་པ་བློ་གྲོས་རྒྱ་མཚོ་སོགས་ལས་ཡབ་མེས་ཀྱི་བཀའ་ཆོས་མཐའ་དག་གསན། བཅུ་གསུམ་པར་གདན་ས་ཆོས་ཁྲིར་བྱོན། ཐུབ་པ་དགོངས་གསལ་གྱི་བསྟན་བཅོས་ཚོགས་དབུས་སུ་ཉིན་གསུམ་གྱི་བར་དུ་གསུངས། མཁས་དགུའི་ཐུགས་ཡིད་ཕྲོགས། མུས་ཆེན་སངས་རྒྱས་རྒྱལ་མཚན་ལས་རབ་ཏུ་བྱུང། ཟབ་ཆོས་ཀྱང་མང་དུ་གསན། ཁམས་ཕྱོགས་སུ་ས་དཀར་འདབ་འདོབ་ཀྱི་ས་སྐྱའི་དགོན་ལན་རྣམས་ཞལ་བདག་མཛད། སྒ་གསེར་ཁ་དང་དར་རྩེ་མདོ་སོགས་སུ་ཕེབས། འབུལ་ནོད་གང་བྱུང་བ་ས་སྐྱའི་གདན་ས་ཆེན་པོར་དྲངས། ལི་མ་ལྷ་ཁང་དང་རྒྱ་ནག་ལྷ་ཁང་སོགས་གསར་བཞེངས་གནང་། ཞེ་གཉིས་པར་ཁམས་ཕྱོགས་སུ་ཆོས་འཁོར་བསྐོར། འདས་ལོ་མི་གསལ། |