64362
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཡབ་ནམ་མཁའ་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་མ་གཅིག་ཧོར་མོ་ཚེ་བརྟན་གཉིས་ཀྱི་སྲས་སུ་རྩེ་གདོང་དུ་འཁྲུངས། འཁྲུངས་འདས་ལོ་མི་གསལ། ས་ལོ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་གྱི་གཅུང་པོ་ཐ་ཆུང་ཡིན། ཆུང་དུས་ནས་ཡབ་མེས་ཀྱི་བཀའ་ཆོས་དང་། གསང་སྔགས་ཟབ་མོའི་མན་ངག་ལ་གསན་སྦྱོང་མཛད། ཐུགས་དམ་ཟབ་མོའི་རིམ་པ་ལ་ཤིན་ཏུ་འབུངས། ལྷག་ཏུ་ཆོས་སྐྱོང་ལ་མངའ་བརྙེས། ཞིང་སྐྱོང་དུར་ཁྲོད་བདག་པོ་ཡབ་ཡུམ་བྲན་བཞིན་དུ་འཁོར་ནུས་པ་སོགས་ནུས་མཐུའི་མངའ་བདག་ཏུ་གྲགས། གསུང་ངག་བླ་མ་བརྒྱུད་པའི་བྲིས་ཐང་ཤིན་ཏུ་ངོ་མཚར་བ་བཞེངས། འཆད་ཉན་སོགས་ཀྱང་མཛད། བཙུན་མོ་ཡར་འབྲོག་ཁྲི་ལྕམ་ཁབ་ཏུ་བཞེས། རིགས་སྲས་འཇམ་དབྱངས་ཀུན་དགའ་བསམ་གྲུབ་དང་། བདག་ཆེན་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་སྐུ་མཆེད་གཉིས་འཁྲུངས། ས་སྐྱའི་དུས་མཆོད་བླ་བྲང་གི་གདུང་རབས་བདུན་པ་ཡིན། |