64366

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་རལ་གྲི་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་བཞི་པའི་འགོར་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་ལ་ཕུལ་དུ་ཕྱིན། མདོ་སྔགས་གཉིས་ཀར་མཁས་པར་མཛད། ལེགས་སྦྱར་གྱི་སྐད་ཡིག་ལ་བྱན་ཆུད་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ཀ་ལཱ་པའི་བྱིངས་མདོ་ཞེས་བྱ་བ་དང་། གསུང་རྩོམ་ནི་ཀུན་རིག་རྣམ་པར་སྣང་མཛད་ཀྱི་ཊཱིཀྐ། རྡོར་ཕྲེང་དང་མི་ཧྲའི་ཚོན་འགོད་ཚུལ་སྐལ་བཟང་མིག་གི་རྒྱན་འཕྲེང་། ལྷ་མོའི་རྗེས་གནང་ཐུན་མོང་མ་ཡིན་པ་བཅས་བཞུགས།