64369

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་དབྱངས་རྟག་ངུ་ (1)
Part of speech མིང་ཚིག
Definition ལོ་རེ་བཞིན་སྐྱེ་བའི་སྔོ་སྨན་རིགས་ཀྱི་སྐྱེ་དངོས་ཤིག་སྟེ། རྩ་བ་སེར་ནག་གྲོ་རྡོག་ཙམ་ལ་ཨ་ར་འདྲ་བའི་རྩ་ཕྲན་ཡོད་པ་དང༌། ལོ་མ་སྔོ་སྐྱ་སྒོང་དབྱིབས་ཅུང་མཐུག་པ་གཉིས་རེ་སར་བགྲད་དེ་སྐྱེ་བའི་དབུས་ནས་མེ་ཏོག་གི་སྡོང་རྐང་སོར་གཅིག་ལྷག་ཙམ་བྱས་པ་སྐྱེ་བའི་རྩེར་མེ་ཏོག་དཀར་དམར་ལ་ནག་པོའི་ཐིག་ཡོད་པ་གཉིས་རེ་མགོ་སྦྲེལ་ནས་སྐྱེ་བ། མེ་ཏོག་གི་ནང་དུ་ན་བུན་བུ་མོའི་རྭ་ཅོ་འདྲ་བ་ཡོད་པ་ནི་སྨིན་ནས་འབྲས་བུར་འགྱུར་བའི་ནང་འབྲས་བུ་དཀར་ཞིབ་ཤིན་ཏུ་མང་པོ་ཡོད། བོད་ཀྱི་ས་གནས་ཕལ་ཆེ་བའི་རི་མཐོའི་སྤང་རི་དང༌། གཡའ་ཤག སྤང་མཚམས། རྫ་མཐོའི་སྤང་སྟེང་དུ་སྐྱེ་བ། བོད་ཟླ་དྲུག་པའི་ནང་ལོ་སྡོང་མེ་ཏོག་ལྷན་ཅིག་ཏུ་བཏུས་ཏེ་གཙང་མ་བཟོས་རྗེས་བསིལ་སར་བསྐམས་ནས་སྨན་དུ་སྤྱོད་རྒྱུ། རོ་མངར་བ། ཞུ་རྗེས་མངར། ནུས་པ་སྙོམས་པས་ལུས་སྟོབས་ཉམས་པ་དང༌། མིག་སོགས་དབང་པོ་མི་གསལ་བར་ཕན་པ་ཡིན།
Domain གསོ་རིག