64378

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་པ་ཆོས་རྒྱ་མཚོ་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་དྲུག་པའི་སྨད་དུ་འཇམ་པ་ཞེས་པར་འཁྲུངས། དགོན་ལུང་དགོན་པའི་རྩ་བའི་གྲྭ་རྒྱུན་ཡིན། དགོན་ལུང་དང་གཙང་བཀྲ་ཤིས་ལྷུན་པོའི་ཤར་རྩེར་ཐུགས་གཉེར་མཛད། མཚན་ཐོག་ཐག་ཏུ་རྩི་བཞག་བསྐྱར། གཉིད་དུ་མི་ཡོར་བར་གདོང་མ་ཞོན་པ་སོགས་དཀའ་སྤྱད་ཀྱིས་འབུངས། འཇུ་ལག་སྨད་ཀྱི་སེམས་ཉིད་ནང་སོས་གྲྭ་ཚང་འཛུགས་པའི་རྨང་ཙམ་བཏང་བར་གདན་དྲངས། འདུ་ཁང་སོགས་ཕྱག་བཏབ། མཚན་ཉིད་ཀྱི་འཆད་ཉན་སོགས་བཤད་སྒྲུབ་གོང་འཕེལ་དུ་མཛད། རབ་བྱུང་བཅུ་གཅིག་པའི་མེ་ཡོས་ཕྱི་ལོ་ ༡༦༢༧ ལོར་དགོན་ལུང་བྱམས་པ་གླིང་གི་གདན་སའི་ཁྲིར་བྱོན། གདན་ས་ལོ་གསུམ་རིང་བསྐྱངས། རྙེད་པའི་འབུལ་བ་མ་ལུས་ཆོས་ཐོག་གི་ཐེབས་རྩར་གནང་། འཆད་ཉན་ལ་ཐུགས་བརྩོན་གནང་། ཆོ་འཕྲུལ་སྨོན་ལམ་གྱི་སྐབས་སུ་དགྲམ་རྒྱུའི་བྱམས་སྐུ་ཆེན་མོ་བཞེངས། མྱ་ངན་ལས་འདས་སྐབས་སེང་གེའི་ཉལ་སྟབས་ཀྱིས་སྐུ་གཤེགས། དགོན་ལུང་བྱམས་པ་གླིང་གི་གདན་སའི་མཁས་རབས་ལྔ་བ་ཡིན།