64414

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
འཇམ་མགོན་སྐུ་ཕྲེང་དང་པོ་ (1)
Part of speech མིང་ཚིག
Definition འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ནི། རབ་བྱུང་བཅུ་བཞི་པའི་ཆུ་བྱ་ཟླ་བ་བཅུ་པའི་ཚེས་བཅུ། ཕྱི་ལོ་ ༡༨༡༣ ལོར་རོང་རྒྱབ་ཅེས་པར་ཡབ་ཁྱུང་པོ་གཡུང་དྲུང་བསྟན་འཛིན་དང་ཡུམ་བཀྲ་ཤིས་འཚོ་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་ལྔ་པར་ཀ་ཁ་བསླབས། དགུང་ལོ་བཅུ་དྲུག་ལོར་འདན་ཆོས་སྡེའི་ཕོ་བྲང་དུ་ཕེབས། ཆབ་མདོའི་ལྷ་མཁར་ལས་སྨན་ལུགས་ཀྱི་ཐིག་རྩ་དང་བྲིས་འབུར་གྱི་སྐུ་བརྙན་བསླབས། ལྡན་ཆོས་སྡེ་དཔོན་ཁང་སར་ཚེ་འཕེལ་གྱིས་གཟིགས་སྐྱོང་འོག་ཞེ་ཆེན་རྒྱལ་ཚབ་དྲུང་གསན་སྦྱོང་མཛད་བཅུག་ཅིང་དྲུང་ཡིག་གི་འགན་ཁུར་ཡང་བཞེས། སི་ཏུའི་འགྲེལ་ཆེན་གཙོས་རིག་པའི་གནས་ཆུང་ལྔ་ལ་གསན་བསམ་མཛད། དགུང་ལོ་བཅོ་བརྒྱད་སོན་པར་སྔ་འགྱུར་རྙིང་མའི་ཆོས་སྐོར་གསན་བསམ་གྱིས་མཁས་པའི་རྒྱལ་སར་གཤེགས། དགུང་ལོ་ཉི་ཤུ་པར་ཞེ་ཆེན་རྒྱལ་ཚབ་ལས་རྒྱལ་བའི་བཀའ་བསྟན་འགྱུར་གྱི་ལྗགས་ལུང་དང་། རྙིང་མའི་རྒྱུད་འབུམ། ངལ་བསོ་སྐོར་གསུམ། རི་ཆོས་ངེས་དོན་རྒྱ་མཚོ། ཟབ་མོ་ནང་དོན་རང་འགྲེལ་སོགས་ཞུས། ཕྱི་ལོ་ ༡༨༣༣ ཆུ་སྦྲུལ་ཟླ་བ་གཉིས་པའི་ནང་ཁང་སར་དཔོན་རྒན་དང་ལྷན་གདན་ས་དཔལ་སྤུངས་སུ་ཕྱགས་ཕེབས། ཟླ་བ་བཅུ་པར་སི་ཏུ་པདྨ་ཉིན་བྱེད་མདུན་ནས་བསྙེན་རྫོགས་ཞུས་ཏེ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཞེས་མཚན་གསོལ། དབོན་རྒན་ཀརྨ་ཐེག་མཆོག་བསྟན་འཕེལ་གྱིས་ཐུགས་བརྩེའི་རེ་འདུན་ལྟར་སི་ཏུ་པདྨ་ཉིན་བྱེད་མཆོག་གིས་ཀོང་པོ་བམ་སྟེང་སྤྲུལ་སྐུའི་ཡང་སྲིད་དུ་མངའ་གསོལ་བ་ནས་ཀོང་སྤྲུལ་ཞེས་པའི་མཚན་ཡོངས་སུ་གྲགས། རིས་མེད་བླ་མ་ལྔ་བཅུ་ཙམ་བསྟེན་ནས་ཕྱི་ཐ་སྙད་རིག་པའི་གནས་ཡན་ལག་དང་བཅས་པ། ནང་མདོ་རྒྱུད་གསར་རྙིང་དགོངས་འགྲེལ་དང་བཅས་པ། གསང་བ་མན་ངག་ཉམས་ཁྲིད་ཕྱག་བཞེས་དང་བཅས་པ་ལ་ཐོས་བསམ་སྒོམ་པའི་གོ་འཕང་མཐོན་པོར་གཤེགས། ཁྱད་པར་སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་གདམས་ངག་གང་བཞུགས་བཙལ་ཞིང་ལུང་ཟིན་མཛོད་ཆེན་རྣམ་ལྔའི་ཤིང་རྟའི་བཀའ་སྲོལ་ཕྱེས་ཏེ། དེའི་དབང་ལུང་མན་ངག་དང་བཅས་པའི་རྒྱུན་སྤེལ་བས་རིས་མེད་མཁས་པའི་གཙུག་རྒྱན་ཏུ་གྱུར། ཁོང་གི་ཞལ་སློབ་གཙོ་བོར་གྱུར་པ་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅོ་ལྔ་པ་མཁའ་ཁྱབ་རྡོ་རྗེ། འཇམ་དབྱངས་བློ་གཏེར་དབང་པོ། འཇུ་མི་ཕམ། བྲག་གཡབ་གདོང་སྤྲུལ་ངག་དབང་དམ་ཆོས་སོགས་གཞན་ཡང་བླ་སློབ་གཉིས་ཀར་གྱུར་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་སོགས་ཤིན་ཏུ་མང་། ཕྱི་ལོ་ ༡༨༩༩ དགུང་ལོ་གྱ་བདུན་སྟེང་ས་ཕག་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན་ཞི་བར་གཤེགས།
Synonyms ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ། རྒྱལ་སྲས་བློ་གྲོས་མཐའ་ཡས། པདྨ་གར་གྱི་དབང་ཕྱུག བསྟན་གཉིས་གཡུང་དྲུང་གླིང་པ།

{{#arraymap:འཇམ་མགོན་སྐུ་ཕྲེང་དང་པོ་

|; |@@@ | | }}